དེ་རིང་ནི2025ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་སྡུར་ཆེན་མོ་ཟི་ལིང་དུ་སྤེལ་བ།

2024-09-14 15:28:41   |   576

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཟླ9པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་སྡུར་ཆེན་མོ་ཟི་ལིང་དུ་སྤེལ་བ་རེད། ཐོག་མའི་འགྲན་སྡུར་བརྒྱུད། གྲོང་ཁྱེར་དང་ཁུལ8གྱི་བདམས་ཐོན་པ32བསྐྱར་འགྲན་ནང་ཚུད་པ་དང་། མཐར་བདམས་ཐོན་པ9རྟིང་རྩོད་འགྲན་སྡུར་ནང་ཚུད་པ་རེད།

ཐེངས་འདིའི་འགྲན་སྡུར་གྱི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་གལ་ཆེན་འདོན་སྤེལ་ནུས་ལྡན་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བ་དང་སྐབས27པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་གྱི་དྲིལ་སྒྲོག་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་རྒྱུན་མཐུད་གཏིང་ཟབ་བཅས་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཞིང་ཆེན་ཡོངས་སུ་ཆགས་པར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། འགྲན་ཞུགས་པ་ནི་ཞིང་ཆེན་ཡོངས་ཀྱི་ལོ18ནས་ལོ50བར་གྱི་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་མང་ཚོགས་རེད།

འགྲན་བསྡུར་ཁྲོད། བདམས་ཐོན་པ་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམིགས་ནས། རང་ཉིད་དམ་ཡང་ན་ཉེ་འགྲམ་གྱི་མིའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་། ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོ། ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཅས་བརྗོད་པ་དང་། “ཏང་གི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩོན”ཞེས་པའི་དམ་བཅའ་བརྟན་པོ་བཞག་ཡོད་པ་དང་། ད་དུང“སེ་འབྲུ་རྣམ་པར་བཀྲ་བ་དང་། སེ་འབྲུ་སྡེ་ཁུལ་གྱིས་ལེའུ་གསར་པ་རྩོམ”ཞེས་པའི་མཛེས་སྡུག་ལྡན་པའི་འཚོལ་སྙེག་ཀྱང་ཡོད་པ་རེད། ལྷག་བསམ་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་དུས་རབས་གསར་པའི་རོང་འབྲོག་ཁུལ་གྱི་གཟུགས་བརྙན་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ། རླབས་ཆེན་མེས་རྒྱལ་དང་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་དགའ་ཞེན་གྱི་བསམ་པ་ཟབ་མོ་བཅས་མཚོན་ཡོད་པ་རེད། ངོ་མཚར་ཆེ་བའི་གཏམ་བཤད་ལ་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་ནས་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། མཐར་འགྲན་སྡུར་ནང་བྱ་དགའ་ཨང་དང་པོ་གཉིས་དང་། བྱ་དགའ་ཨང་གཉིས་པ་གཉིས། བྱ་དགའ་ཨང་གསུམ་པ་ལྔ་བཅས་དང་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་དང་མི་སྒེར་གྱི་ཕུལ་བྱུང་བྱ་དགའ་བཅས་དཔྱད་འདེམས་བྱས་སོ། །


མཉམ་སྤྱོད།