དེ་རིང་ནི2025ལོའི་ཟླ01པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་དུས་ཚོད།

2024-09-24 10:08:04   |   307

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཐོག་མའི་རྒྱུགས་ལེན་དུས་ཚོད་ནི2024ལོའི་ཟླ12པའི་ཚེས21ཉིན་ནས་ཚེས22ཉིན་བར་ཡིན་པ་དང་། དེ་ལས་རྒྱུགས་ཡུན་ཆུ་ཚོད6ཡིན་པའི་རྒྱུགས་ལེན་བསླབ་ཚན་ཟླ12པའི་ཚེས23ཉིན་ལ་ལེན་རྒྱུ་རེད།     

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ10པའི་ཚེས15ཉིན་ནས་ཟླ10པའི་ཚེས28ཉིན་བར་ཡིན།

(དྲ་ཐོག་ནས་སྔོན་ལ་མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ10པའི་ཚེས9ཉིན་ནས་ཟླ10པའི་ཚེས12ཉིན་བར་ཡིན།  འབྲེལ་ཡོད་ལས་དོན་བཀོད་སྒྲིག་ནི་ཞིང་ཆེན་རིམ་པ་སོ་སོའི་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ལས་ཁུངས་ཀྱིས་གཏན་འཁེལ་བྱས་ནས་ཁྱབ་སྒྲོག་བྱ་རྒྱུ་རེད།) ཉིན་རེའི་ཆུ་ཚོད9:00ནས22:00བར་ཡིན།  རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་དུས་དེར“ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་བ”(https://yz.chsi.com.cn)སྟེང་ཞུགས་ནས་ཐོ་འགོད་ཐུབ་པ་དང་། དེ་ལས་ངེས་པར་དུ་མིང་ཐོ་འགོད་ཡིད་འཇོག་བྱ་དགོས་པའི་དོན་ཚན་དང་།  སློབ་བསྡུ་ལས་ཁུངས་ཀྱི་སློབ་བསྡུའི་སྒྲིག་ཡིག དེ་བཞིན་ཞིང་ཆེན་རིམ་པའི་སློབ་གསོ་སློབ་བསྡུ་རྒྱུགས་སྤྲོད་སྒྲིག་གཞིའི་འབྲེལ་ཡོད་མིང་ཐོ་འགོད་པ་དང་། རྒྱུགས་ལེན་བཀོད་སྒྲིག་དོན་ཚན་སོགས་ལ་ལྟ་བཤེར་བྱས་ཏེ་བླང་བྱ་གཞིར་བཟུང་ཆ་འཕྲིན་ཇི་མ་ཇི་བཞིན་འབྲི་དགོས་པ་མ་ཟད། དཔྱད་གཞིའི་ཡིག་རིགས་ངོ་མ་མཁོ་འདོན་བྱེད་དགོས།     

དྲ་ཐོག་གི་གཏན་འཁེལ་དུས་ཚོད་ནི་ཞིང་ཆེན་རིམ་པ་སོ་སོའི་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་སྒྲིག་གཞིས་སློབ་གསོ་པུའི་འབྲེལ་ཡོད་བཀོད་སྒྲིག་དང་ས་ཁུལ་དེའི་ཐོ་འགོད་རྒྱུགས་སྤྲོད་རྩ་འཛུགས་ཀྱི་གནས་ཚུལ་གཞིར་བཟུང་སྟེ། རང་དགར་གཏན་འཁེལ་བྱས་ནས་ཡོངས་བསྒྲགས་བྱ་རྒྱུ་ཡིན་ལ། གཏན་འཁེལ་གྱི་ཞིབ་ཕྲའི་གནས་ཚུལ་འབྲེལ་ཡོད་རྒྱུགས་སྤྲོད་ཐོ་འགོད་ས་ཚིགས་ཀྱིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།  

“ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུ་ཆ་འཕྲིན་དྲ་བས”2024ལོའི་ཟླ9པའི་ཚེས26ཉིན་ནས29ཉིན་བར“2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་དྲིལ་སྒྲོག་བློ་འདྲིའི་བྱེད་སྒོ”སྤེལ་རྒྱུ་ཡིན། སྐབས་དེར་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་དྲ་ཐོག་ནས་བློ་འདྲི་བྱ་ཆོག 


མཉམ་སྤྱོད།