དེ་རིང་ནི2025ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《ཀྲུང་གོ་བོད་ཟས》དཔར་བསྐྲུན་བྱས།

2024-09-24 09:46:29   |   514

 སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

 དེབ་འདིའི་ནང་བོད་ཀྱི་བཟའ་བཏུང་རིག་གནས་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ། ད་ཡོད་ཀྱི་བོད་ཟས་ཀྱི་ཐོ་དེབ་དང་། ཟས་གསོའི་བརྩམས་ཆོས། དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་ཡིག་བཅས་ནན་ཏན་དང་ཞིབ་ཚགས་ངང་འཚོལ་བསྡུ་དང་། ལེགས་སྒྲིག ཡིག་སྒྱུར་བཅས་བྱས་ནས་བོད་ཟས་ཀྱི་ནང་དོན་དང་། འགྱུར་ལྡོག ཁྱད་ཆོས་སོགས་ལ་དཔྱད་པ་བྱས་ཡོད་ཅིང་། དེས་ཀྲུང་གོའི་མི་རིགས་ཀྱི་སྲོལ་རྒྱུན་བཟའ་བཏུང་རིག་གནས་དར་སྤེལ་དང་།    རྒྱུན་འཛིན།    ཕུན་སུམ་ཚོགས་པར་གཏོང་བ་བཅས་ཀྱི་ཐད་དཔྱད་གཞིའི་དོན་སྙིང་ལྡན། ནང་དོན་གཙོ་བོ་ལ་རྒྱུན་རྣམ་ཟས་རིགས།  ཁྱད་ལྡན་ཚལ་རིགས། ཁྱད་ལྡན་ཟས་མཆོག གཡོས་སྦྱོར་ཐབས་ལམ་སོགས་ཡོད་དེ། དེབ་འདི་པར་སྐྲུན་བྱས་པ་ལས་ཀློག་པ་པོས་བོད་རིགས་ཀྱི་བཟའ་བཏུང་གྲུབ་ཆ་དང་བཟའ་བཏུང་གོམས་གཤིས་ཤེས་རྟོགས་ཐུབ་པར་མ་ཟད། ད་དུང་ཀློག་པ་པོར་ཀྲུང་ཧྭའི་ཕུན་སུམ་ཚོགས་པའི་བཟའ་བཏུང་རིག་གནས་ལའང་རྒྱུས་ལོན་བྱེད་དུ་འཇུག་ཐུབ།

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

2.png

སྐལ་བཟང་ཚེ་བརྟན། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིམ་པ་གཉིས་པའི་དགེ་རྒན་ཆེ་མོ་བ་ཡིན་པ་དང་། སྔོན་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་སྒྱུ་རྩལ་ས་ཚིགས་ཀྱི་རབ་འབྱམས་པའི་སློབ་དཔོན་ཡིན། གཙོ་བོ་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དང་། རྩོམ་རིག བོད་བརྒྱུད་ནང་བསྟན་དང་བོད་རིག་པ་སོགས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།  རིག་གཞུང་ཆེད་རྩོམ་དང་།    རྩོམ་རིག་བརྩམས་ཆོས།  གློག་བརྙན་དང་བརྙན་འཕྲིན་སོགས་བརྩམས་ཆོས50ལྷག་ཙམ་དཔེ་སྐྲུན་བྱས་ཡོད།   དེའི་ནང་མི་ཉུང་བ་ཞིག་ལ་རྒྱལ་ཁབ་ཀྱི་“ལེགས་པོ་ལྔའི་ལས་གྲྭ་”ཞེས་པའི་བྱ་དགའ་དང་ཞིང་ཆེན་དང་པུ་རིམ་པའི་བྱ་དགའ་ཐོབ་ཡོད།    

  1944ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་(རེབ་གོང་)ཧོར་རྒྱ་སྡེ་བར་སྐྱེས།  ཆུང་དུས་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་དུ་འཚོ་བ་རོལ། 1968ལོར་ནུབ་བྱང་མི་རིགས་སློབ་ཆེན་ཆབ་སྲིད་ཚན་ཁག་ནས་སློབ་མཐར་ཕྱིན། སྔ་རྗེས་སུ་ཀན་ལྷོ་ཁུལ་བསང་ཆུ་རྫོང་སྤྱི་བདེ་ཅུ་དང་། ཀན་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུ།    ཀན་ལྷོ་ཁུལ་རིག་གནས་ཅུ།   རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་སུ་ལས་འགན་ཁུར། 1993ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ལས་གནས་སྤར་ཏེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཕྱག་ལས་གནང་། བོད་སྐད་ཚན་ཁག་གི་ཀྲུའུ་རེན་དང་ནུབ་བྱང་མི་རིགས་ཞིབ་འཇུག་ཁང་གི་མགོ་འཛིན་གྱི་འགན་བཞེས། ཁོང་གིས་ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།   བོད་རིག་པ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།   དམངས་ཁྲོད་རིག་རྩལ་པའི་ཚོགས་མི།   གློག་བརྙན་དང་བརྙན་འཕྲིན་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་མྱོང་ཡོད།

3.png

དཀོན་ལོ། 1958ལོར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་སྐྱེས། དགེ་རྒན་བྱས་ནས་ལོ42འགོར།  ད་ཆ་ཀན་སུའུ་ཞིང་ཆེན་ཨ་མདོའི་བོད་ཟས་གཡོས་སྦྱོར་མཐུན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་དང་། ཀན་ལྷོ་ཁུལ་བོད་ཟས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གངས་ནོར་ལས་རིགས་གསོ་སྦྱོང་སློབ་གྲྭའི་སློབ་སྤྱི་བཅས་ཀྱི་འགན་ཁུར་བཞིན་ཡོད།     

2002ལོ་ནས2007ལོའི་བར་ཁོང་གིས་སྒྲིག་འཛུགས་དང་རྩོམ་སྒྲིག་ནང་ཞུགས་ཏེ་འབྲིང་རིམ་དགེ་འོས་སློབ་གྲྭའི་རྩལ་ཚན་སློབ་དེབ28རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། དེའི་ནང་གཙོ་སྒྲིག་བྱས་པ་ལ《སློབ་ཆུང་གི་བོད་ཡིག་ཁྲིད་ཐབས་ཞིབ་འཇུག་》དང་།《དབྱིབས་རྩིས་རིག་པ་》སོགས་སློབ་དེབ་དེབ8ཡོད།     

2007ལོར“ཀན་སུའུ་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ། 2009ལོར་ཀན་ལྷོ་དགེ་འོས་སློབ་གྲྭའི་མི་རིགས་དགེ་འོས་པུས་སྐབས་དང་པོའི་བོད་ཟས་གཡོས་སྦྱོར་འཛིན་གྲྭ་བཙུགས་པ་དང་དེས2011ལོར་གཙོད་གྲོང་ཁྱེར་གངས་ནོར་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་སློབ་གྲྭ་འཛུགས་རྒྱུར་རྨང་གཞི་བཏིང་ཡོད།  2015ལོར《གངས་ནོར་གྱི་བོད་ཟས་སྤུས་ལེགས་འདེམས་སྒྲིག》(དེབ་དང་པོ)རྩོམ་སྒྲིག་དཔེ་སྐྲུན་བྱས་པ།   2015ལོར་ཀན་སུའུ་ཞིང་ཆེན་པུ་ཨུ་གསུམ་གྱིས“མི་རབས་རྗེས་མར་སེམས་ཁུར་བྱེད་པའི”སྔོན་ཐོན་མི་སྒེར་ལ་བདམས། 2018ལོར་ཀན་སུའུ་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས“རྒན་གྲས་ཡག་ཤོས་ལྔའི”མཚན་སྙན་སྤྲད། 2019ལོར་སྐབས་བཞི་པའི་དར་གོས་ལམ་བུའི་ཏུན་ཧོང་རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་དང་སྐབས་དགུ་པའི་ཏུན་ཧོང་དར་གོས་ལམ་བུའི་རྒྱལ་སྤྱིའི་གནས་སྐོར་དང་མི་རིགས་ཀྱི་ཁྱད་ལྡན་ཟས་མཆོག་དུས་ཆེན་གྱིས“བོད་ཟས་གཡོས་སྦྱོར་མཁས་ཅན་རྩེ་གྲ”ལ་བདམས་པ་དང་།  2019ལོར་ཀན་སུའུ་ཞིང་ཆེན་གཡོས་སྦྱོར་མཐུན་ཚོགས་ཀྱིས་སྤྲད་པའི“ཀན་སུའུ་བཟའ་བཏུང་གི་ལོ30ཡི་ཚེ་གང་གི་གྲུབ་འབྲས་བྱ་དགའ”ཐོབ།


མཉམ་སྤྱོད།