དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བོད་ལྗོངས་ཇོ་མོ་གླང་མ་ས་ཁུལ་དུ་སྨར་སྲིན་གྱི་རིགས་གསར་པ་གཉིས་རྙེད་པ།

2024-09-26 10:30:17   |   424

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཟླ9པའི་ཚེས24ཉིན་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་པར་གཞིགས་ན། 2023ལོའི་ཟླ8པ་ནས2024ལོའི་ཟླ9པའི་བར་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ལས་གྲུབ་པའི་ཚན་ཞིབ་ཚོགས་པས་ཇོ་མོ་གླང་མ་ས་ཁུལ་གྱི་རོང་ཕུ་གཙང་པོའི་རྒྱུད་ཀྱི་སྐམ་སྐྱེས་རྩི་ཤིང་གི་སྣ་མང་རང་བཞིན་དང་། ས་རྒྱུའི་སྲོག་ཆགས། སྐྱེ་དངོས་ཕྲ་རབ་དང་ཆུའི་སྐྱེ་ཁམས་བཅས་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། སྨར་སྲིན་གྱི་རིགས་གསར་པ་གཉིས་ཏེ།  བོད་ལྗོངས་འགྲོན་ཐུམ་སྨར་སྲིན(西藏梭孢菌)་དང་བོད་ལྗོངས་འཁྱིལ་འདུས་ཐུམ་མའེ(西藏螺旋聚孢霉)ཤེས་རྟོགས་བྱུང་། 

ཇོ་མོ་གླང་མ་ས་ཁུལ་གྱི་ས་བབ་མཐོ་བའི་ལོ་མང་འཁྱག་སའི་ཁྲོད་ཞིབ་འཇུག་མི་སྣས་སྲིན་སྡོང་གསར་པ་རྐང4སོ་སོར་ཕྱེ་བ་དང་ཕྲལ་སྐྱེས་ཐུམ་རྡུལ་གྱི་ཁྱད་ཆོས་དངITSཡི་གོ་རིམ་བསྡུར་བ་དང་དབྱེ་ཞིབ་བྱས་པ་བརྒྱུད། སྲིན་སྡོང་དེ་འགྲོན་ཐུམ་སྨར་སྲིན་རིགས་དང་འཁྱིལ་འདུས་ཐུམ་མའེ་རིགས་ཀྱི་ཁོངས་སུ་གཏོགས་པ་ཤེས། 

1.jpg

བོད་ལྗོངས་འགྲོན་ཐུམ་སྨར་སྲིན་གྱི་རྣམ་པ་ནི། A、B:PDAཡི་སྟེང་གྲུབ་པའི་ཕྲལ་སྐྱེས་ཐུམ་རྡུལ་ཕུང་བོ། C:དམར་མདོག་གི་སྲིན་སྐུད། D:སྲིན་སྐུད་མདུད་གདུབ།    E:དྭངས་གསལ་གྱི་སྲིན་སྐུད་དང་། F-H:ཐུམ་སྐྱེས་ཕྲ་ཕུང་དང་སྐྱེས་མ་ཐག་པའི་ཕྲལ་སྐྱེས་ཐུམ་རྡུལ།   I:ཕྲལ་སྐྱེས་ཐུམ་རྡུལ་བཅས་ཡིན།     ཚད་ཁྲེ་ནི། A-C=500µmཡིན། D=50µm དང་། E-I=10µmབཅས་ཡིན།     (བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་པར་རིས་མཁོ་འདོན་བྱས།)

 ཚན་ཞིབ་མི་སྣས་གཞི་རྒྱུ་མང་བའི་ཆ་ཤས་ཆ་རྡུལ་གྱི་མ་ལག་རིག་པའི་ཞིབ་འཇུག་བརྒྱུད། ཇོ་མོ་གླང་མ་ས་ཁུལ་གྱི་འཁྱགས་སའི་སྲིན་སྡོང་དེ་ཁོངས་གཏོགས་ཀྱི་སྡོང་པོའི་ཁྲོད་རང་ཚུགས་ཀྱི་ཡལ་ག་ཆགས་ཡོད་པ་དང་། རྣམ་པ་དང་ཆ་རྡུལ་གྱི་ཁྱད་ཆོས་ལ་གཞིགས་ནས་ཞིབ་འཇུག་མི་སྣས་བོད་ལྗོངས་སྨར་སྲིན་གྱི་མིང་གི་སྔོན་ལ་བསྣན་ནས“བོད་ལྗོངས་འགྲོན་ཐུམ་སྨར་སྲིན”ཞེས་མིང་བཏགས།

2.jpg

བོད་ལྗོངས་འཁྱིལ་འདུས་ཐུམ་མའེ་ཡི་རྣམ་པ་ནི། A:PDAཡི་སྟེང་གྲུབ་པའི་ཕྲལ་སྐྱེས་ཐུམ་རྡུལ་ཕུང་བོ།  B、C:ཐུམ་རྡུལ་ཕྲ་ཕུང་དང་སྐྱེས་མ་ཐག་པའི་ཕྲལ་སྐྱེས་ཐུམ་རྡུལ།  D、E:ཕྲལ་སྐྱེས་ཐུམ་རྡུལ།   ཚད་ཁྲེ་ནི།    A=300µmདང B-E=10µmཡིན།     (བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་པར་རིས་མཁོ་འདོན་བྱས།) 

ཞིབ་འཇུག་མི་སྣས་དེང་རབས་ཀྱི་རིགས་དབྱེ་རིག་པའི་གཞུང་ལུགས་སྤྱད་ནས་སྲིན་སྡོང་ལ་རིགས་དབྱེ་གསལ་འབྱེད་བྱས་པ་བརྒྱུད། སྲིན་སྡོང་གསར་པ་དེ་འཁྱིལ་འདུས་ཐུམ་མའེ་ཡི་ཁོངས་གཏོགས་ཀྱི་མ་ལག་སྐྱེ་འཚར་སྡོང་པོའི་ཁྲོད་དུ་རང་ཚུགས་ཀྱི་ཡལ་ག་གྲུབ་པ་དང་ཤེས་ཟིན་པའི་སྐྱེ་དངོས་རིགས་གང་རུང་དང་ཁྱད་པར་ཡོད་པ་རྟོགས།     དེ་དང་མཉམ་དུ།    སྲིན་སྡོང་དེའི་མིས་སྐྱེད་གསོ་བྱས་པའི་རྣམ་པའི་ཁྱད་ཆོས་ལ་ལྟ་ཞིབ་བྱས་ན། རིགས་གཉིས་པའི་ཐུམ་སྐྱེད་གྲུབ་ཐུབ་པ་རྟོགས། ཟླུམ་དབྱིབས་ཐུམ་སྐྱེད་ཕྲ་ཕུང་ནི་སྲིན་སྡོང་དེའི་དམིགས་བསལ་གྱི་རྣམ་པ་ཞིག་ཡིན་པས།    ཞིབ་འཇུག་མི་སྣས་དེའི་མིང་ལ་“བོད་ལྗོངས་འཁྱིལ་འདུས་ཐུམ་མའེ་”ཞེས་བཏགས། 

འཁྱིལ་འདུས་ཐུམ་མའེ་ཡི་ཁོངས་སུ་གཙོ་བོ་ནང་སྐྱེས་སྨར་སྲིན་དང་། ཞར་སྐྱེས་སྨར་སྲིན། རུལ་སྐྱེར་སྨར་སྲིན་བཅས་ཡོད་པ་དང་།    རིགས་ཁ་ཤས་ཤིག་འབུ་ཕྲ་སྐྱེ་འགོག་གི་བྱེད་ལས་སུ་སྤྱོད་ཀྱི་ཡོད།     ཚན་ཞིབ་མི་སྣས་ཇོ་མོ་གླང་མ་ས་ཁུལ་གྱི་སྐྱེ་ཁམས་ཁྲོད་ནས་རྙེད་པའི་འཁྱིལ་འདུས་ཐུམ་མའེ་སྲིན་སྡོང་ལ་ལྡོག་འགོག་ནུས་པ་ཅུང་ཆེན་པོ་ལྡན་ཡོད་པས་འགོག་བཅོས་ཐད་སྤྱོད་རྒྱུར་དེ་བས་འཚམ་པོ་ཡོད།


མཉམ་སྤྱོད།