དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཟླ་བ་བློ་གྲོས་ལགས་ཀྱིས་བརྩམས་པའི《སྙན་ངག་གི་སྔོན་འགྲོ་ཁྱུང་སྔོན་སྐྱེས་ཀྱི་རང་མདངས་གསར་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།

2024-09-25 14:47:19   |   470

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒན་ཟླ་བ་བློ་གྲོས་ལགས་ཀྱིས་བརྩམས་པའི《སྙན་ངག་གི་སྔོན་འགྲོ་ཁྱུང་སྔོན་སྐྱེས་ཀྱི་རང་མདངས་གསར་བ》ཞེས་པའི་ཆེད་རྩོམ་འདིའི་བརྗོད་བྱའི་སྙིང་བོ་ནི《མེ་ལོང་མ》ཡི་ལེའུ་དང་པོའི་བསྟན་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས། དེ་རུ་སྙན་ངག་གི་མཚན་ཉིད་དང་། ལུས་སྲོག་རྒྱན་གསུམ་དང་ཉམས་འགྱུར་དང་། སྙན་ངག་གི་སྐྱོན་ཡོན་སོགས་སྟོན་པ་རྟོགས་ཐུབ། རྒྱན་གྱི་ཡོན་ཏན་བཅུ་པོ་རྒྱན་གཞན་རྣམས་ཀྱི་སྤྱི་དོན་ཁོག་འབུབས་ཡིན་པ་ཤེས། རྒྱུ་མཚན་དེ་དག་གིས་ལེའུ་དང་པོ་ནི《མེ་ལོང་མ》ཡི་གཞུང་འདིའི་གླེང་གཞིའམ་ལེའུ་ཕྱི་མ་གཉིས་ཀྱི་སྤྱི་ཁྱབ་བཀོད་འདོམས་པའི་ཚུལ་དུ་གཞུང་གི་དབུ་རུ་བཞུགས་པའི་སྤྱི་ཁོག་བདག་གིས་ལོན། ལེའུ་དང་པོ་དང་ལེའུ་གཉིས་པ་གསུམ་པའི་བར་གྱི་འབྲེལ་བ་ལས་གཞུང་འདི་ཉིད་སྙན་ངག་གི་མེ་ལོང་ཡིན་པར་མ་ཟད། རྒྱན་གྱི་མེ་ལོང་ཡང་ཡིན་པའི་གནད་དེ་བསྟན་ཡོད་ལ། མདོར་ན་དེ་དག་གིས་ལེའུ་དང་པོའི་ངོ་བོ་དང་བྱེད་ལས་བསྟན་ཏོ། །

640 (2).jpg

ཟླ་བ་བློ་གྲོས། པིར་མིང་ལ་གཉའ་བློ་གྲོས་རྒྱལ་མཚན་ཟེར།  1950ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་རྩ་བ་ཡུལ་ཚོའི་ཉིན་མགོ་སྡེ་བར་སྐྱེས། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཅས་སུ་དགེ་རྒན་དང་ཞིབ་འཇུག་པ། 《 སྦྲང་ཆར 》 གྱི་གཙོ་སྒྲིག་པ་བཅས་ཀྱི་བྱ་བ་གཉེར།  2011ལོར་ལས་འཁྱུར་ངལ་གསོ་བྱས། བརྩམས་ཆོས་ལ《གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བསྡུས》(པོད་གཉིས) སོགས་དང་། རྩོམ་སྒྲིག་དང་གཙོ་སྒྲིག་བྱས་པའི་དཔེ་དེབ་བརྒྱ་ལྷག་ཡོད།  བྱས་འབྲས་སུ“ རྒྱལ་ཡོངས་ཕུལ་བྱུང་དགེ་རྒན ” དང“ མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ།”  རྒྱལ་ཁབ་ཀྱི“ སྲིད་གཞུང་དམིགས་བསལ་ཕོགས་སྣོན ” ཆེད་མཁས། “ མཚོ་སྔོན་ཞིང་ཆེན‘ལྔ་ཕྲག་བཅུ་པའི’གསར་གཏོད་བྱས་རྗེས་ཡོད་པའི་སྔོན་ཐོན་མི་སྣ།”  “ རྒྱལ་ཡོངས་གསར་འགྱུར་དང་དཔེ་སྐྲུན་ཁོངས་བརྒྱུད་ཀྱི་སྔོན་ཐོན་ལས་བྱེད་པ ”སོགས་ཀྱི་མིང་གྲགས་ཐོབ། །


མཉམ་སྤྱོད།