དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ཀྱིས་མཛད་པའི《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

2024-09-25 10:20:39   |   470

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ཀྱིས་མཛད་པའི《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ཀྱིས་མཛད་པའི《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པར་སྐྲུན་འགྲེམ་སྤེལ་བྱས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ཀྱིས་མཛད་པའི《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པའི་དཔེ་དེབ་འདི་ནི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཀྱི་དེང་རབས་རིག་གནས་མཁས་པའི་ལྗགས་རྩོམ་གཅེས་བཏུས》དེབ་ཕྲེང་དུ་བདམས་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་ལགས། དཔེ་དེབ་འདི་རུ་དགེ་རྒན་ཁོང་གི་བརྩམས་ཆོས་པོད་བཅུ་ལྷག་ཙམ་བཞུགས་པ་ལས།འཐུས་ཚབ་བརྩམས་ཆོས་སུ་བགྲང་རུང་བའི《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》དང་།《བོད་ཀྱི་གནའ་རབས་རྩོམ་རིག་གི་ལོ་རྒྱུས་མདོར་བསྡུས》《བོད་ཀྱི་རྩོམ་རིག་ཡིག་སྒྱུར་སྐོར་བཤད་པ་དྲང་སྲོང་དགྱེས་པའི་འབེལ་གཏམ》《བོད་ཀྱི་སྐད་གཅིག་གྱུར་ཡོང་ཐབས་ཐད་ཀྱི་བསམ་ཚུལ་རགས་ཙམ་བརྗོད་པ》བཅས་བཀོད་ཡོད་པས། རིག་པ་དོན་གཉེར་པ་དག་ལ་མཚོན་ན་ཕན་སླེབས་ཧ་ཅང་ཆེ་བར་བསམ། །

微信图片_20240925144832.jpg

སངས་རྒྱས། 1951ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་དུ་འཁྲུངས་པ་དང་། 1981ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་ཀྱི་གནའ་རབས་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན། 1986ལོ་ནས་བཟུང་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་བ་ལོ་ཙཱ་ཞིབ་བཤེར་གཏན་འབེབས་ཀྱི་ཆེད་མཁས་པ། བོད་རྒྱ་རིག་ཚན་གསར་བའི་བརྡ་ཆད་གཏན་འབེབས་ཀྱི་དབུ་བཞུགས་ཆེད་མཁས་པ་བཅས་ཀྱི་འགན་བཞེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་སྐབས། “རྒྱལ་ཡོངས་དཔེ་སྐྲུན་ལས་མཛད་ཕུལ་བྱུང་པ་བརྒྱ”ཞེས་པའི་མཚན་སྙན་ཐོབ། 2021ལོར་ཞིང་ཆེན་རིམ་པའི་གཙོ་ཆེའི་ལས་གཞི《  དེང་རབས་རྒྱ་ཡིག་ཚིག་མཛོད》  (པར་གཞི་བདུན་པ)ཀྱི་རྒྱ་བོད་ལོ་ཙཱའི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཏེ་པར་སྐྲུན་མཛད། 2022ལོར་རྒྱལ་ཁབ་ལོ་ཙཱ་བའི་མཐུན་ཚོགས་ཀྱིས“བསླབ་པ་ཟབ་པའི་ལོ་ཙཱ་བ”ཞེས་པའི་མཚན་སྙན་སོགས་བསྩལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟུར་པ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་ཆེད་མཁས་པ་བཅས་ཡིན། །


མཉམ་སྤྱོད།