དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བསགས་འབོར་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་རྒྱུ་ཡིན་པ།

2024-09-27 10:37:44   |   435

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


5.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས24ཉིན་གྱི་སྔ་དྲོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱི་འགན་འཁུར་བ་གཙོ་བོས་དངུལ་རྩར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད། གལ་ཆེའི་སྲིད་ཇུས་མང་པོ་དུས་གཅིག་ཏུ་བཏོན་པ་དང་། དངུལ་ལོར་གྱི་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་འགྲོ་རྒྱུར་སྔར་བས་རྒྱབ་སྐྱོར་བྱས་ཡོད།

ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉེ་ཆར་བཅོལ་དངུལ་གྱི་གྲབས་གསོག་དངུལ་ཚད་བརྒྱ་ཆའི་གྲངས0.5དམའ་རུ་བཏང་ནས། དངུལ་རྩའི་ཁྲོམ་རར་ཡུན་རིང་གི་འཁོར་རྒྱུག་རང་བཞིན་གྱི་སྒོར་དུང་ཕྱུར་ཁྲི1ཙམ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

ཁང་པའི་དངུལ་བུན་ཐད། བསགས་འབོར་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་རྒྱུ་དང་འབྲེལ་ཁང་པའི་དངུལ་བུན་གཡར་བའི་ཐོག་མའི་འཇལ་དངུལ་གྱི་བསྡུར་གྲངས་དམའ་ཤོས་གཅིག་གྱུར་བཟོ་རྒྱུ་ཡིན་པ་རེད། དེ་ཡང་ཞིབ་ཏུ་བརྗོད་ན། ཚོང་ལས་དངུལ་ཁང་གིས་བསགས་འབོར་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་དེ་གསར་དུ་སྤྲད་པའི་ཁང་པའི་དངུལ་བུན་གྱི་སྐྱེད་ཀའི་ཚད་བར་དམའ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཆ་སྙོམས་ཆག་ཚད་བརྒྱ་ཆའི་གནས0.5ཙམ་ཟིན་རྒྱུ་ཡིན་པ་རེད། 

རྒྱལ་ཡོངས་སུ་ཁང་པ་གཉིས་པ་ཉོ་སྐབས་ཀྱི་ཐོག་མའི་འཇལ་དངུལ་ཉུང་ཤོས་ཀྱི་བསྡུར་ཚད་དེ25%ནས15%བར་དམའ་རུ་གཏོང་རྒྱུ་དང་། ཁང་པ་དང་པོ་དང་ཁང་པ་གཉིས་པའི་ཐོག་མའི་འཇལ་དངུལ་ཉུང་ཤོས་ཀྱི་བསྡུར་ཚད་གཅིག་གྱུར་བཟོ་རྒྱུ་ཡིན་པ་རེད།


མཉམ་སྤྱོད།