དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་གྲོང་ཚོ8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ཡོད་པར་བསྟན་པ།

2024-10-14 15:21:48   |   272

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས13ཉིན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུ་ནས་ཤེས་གསལ་ལྟར་ན། མིག་སྔར་རང་རྒྱལ་གྱིས་སྲུང་སྐྱོང་གི་རིན་ཐང་གལ་ཆེན་ལྡན་པའི་གྲོང་ཚོ8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་རེད། རྗེས་མར་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་ས་གནས་ཁག་ལ་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་སྔར་བས་ཡག་པོ་བྱས་ཏེ། སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བརྟག་དཔྱད་ཚོད་སྐོར་སོགས་ལས་དོན་རབ་དང་རིམ་པ་སྤེལ་དགོས་པའི་བླང་བྱ་བཏོན།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་བསྟན་དོན། ས་གནས་ཁག་གིས་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་བཤིག་སྐྲུན་ཆེན་པོ་བྱེད་པ་དང་། བཤིག་སྐྲུན་རྫུས་མ་བྱེད་པ། དོ་དམ་ཤོར་བ་དང་ཉམས་གསོ་མ་བྱས་པ། བེད་སྤྱོད་འོས་འཚམ་མིན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ། སྲོལ་རྒྱུན་གྱི་གྲོང་སྡེ་ཀྲུང་ཧྭའི་དཔལ་ཡོན་མཚོན་རྟགས་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བརྟག་དཔྱད་ཚོད་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན། དེ་དང་ཆབས་ཅིག་སྟབས་བསྟུན་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་དཔེ་སྟོན་མུ་མཐུད་དུ་སྤེལ་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མི་འདང་སར་ཁ་གསབ་བྱ་རྒྱུ་ཡིན།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་བསྟན་དོན། ས་གནས་ཁག་གིས་སྲོལ་རྒྱུན་གྲོང་སྡེའི་སྤྲོ་གསེང་གནས་སྐོར་དང་རིག་གནས་གསར་གཏོད་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང“འཆར་འགོད་གཤམ་སྤེལ”གྱི་ལས་དོན་མུ་མཐུད་དུ་སྤེལ་ནས་འཛུགས་སྐྲུན་གྱི་སྤུས་ཚད་བདེ་འཇགས་དང་སྡོད་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་རིག་གནས་རྒྱུན་འཛིན་སྔར་བས་མངོན་གསལ་དོད་པོར་གཏོང་བ་དང་གྲོང་ཚོའི་ལོ་རྒྱུས་རྩོམ་སྒྲིག་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྲོང་ཚོའི“རིག་གནས་ཀྱི་རྣམ་པ”སྔར་བས་གཏིང་ཟབ་ཏུ་གཏོང་དགོས།

གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་གྲོང་ཚོ8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་འབྲེལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། ཞིང་ཆེན16གིས་གྲོང་ཚོ5028ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ནས་སྲོལ་རྒྱུན་གྱི་བཟོ་སྐྲུན་དངོས་པོ་ཁྲི55.6ལ་སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག5965རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས། གྲོང་ཚོ5518ལ་གྲོང་ཚོའི་ལོ་རྒྱུས་བཟོ་རྒྱུར་སྐུལ་འདེད་བཏང་ཡོད།


མཉམ་སྤྱོད།