དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཐོ་འགོད་དུས་ཚོད།

2024-10-15 15:28:05   |   380

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ཀྱི་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ10པའི་ཚེས15ཉིན་ནས་མགོ་རྩོམ་རྒྱུ་ཡིན་པ།

ཀྲུང་གོ་ཞིབ་འཇུག་སློབ་མ་བསྡུ་བའི་ཆ་འཕྲིན་དྲ་བ་ནས་ཤེས་གསལ་ལྟར་ན། 《2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་མིང་ཐོ་འགོད་པའི་སྤྱི་བསྒྲགས》ཉེ་ཆར་ཁྱབ་བསྒྲགས་བྱས་ནས། མིང་ཐོ་འགོད་པར་ནང་དྲ་ཐོག་ཐོ་འགོད་དང་དྲ་ཐོག་ནས་གཏན་འཁེལ་བྱེད་པའི་དུས་མཚམས་གཉིས་ཚུད་ཡོད་པ་གསལ་བོར་བསྟན་ཡོད།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ10པའི་ཚེས15ཉིན་ནས་ཟླ10པའི་ཚེས28ཉིན་བར(དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ10པའི་ཚེས9ཉིན་ནས་ཟླ10པའི་ཚེས12ཉིན་བར་ཡིན། འབྲེལ་ཡོད་ལས་དོན་བཀོད་སྒྲིག་ནི་ཞིང་ཆེན་རིམ་པ་ཁག་གི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་སྒྲིག་གཞིས་གཏན་འཁེལ་དང་ཡོངས་བསྒྲགས་བྱ་རྒྱུ)ཡིན་ཞིང་། ཉིན་རེའི་ཆུ་ཚོད9:00ནས22:00བར་ཡིན། རྒྱུགས་སྤྲོད་སློབ་མས་གཏན་འབེབས་ཀྱི་དུས་ཚོད་ནང“ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་བར”(དྲ་གནསhttps://yz.chsi.com.cn) ཐོ་འགོད་བྱས་ནས་མིང་ཐོ་འགོད་པ་དང་བླང་བྱ་གཞིར་བཟུང་ཇི་མ་ཇི་བཞིན་དུ་འབྲི་བ་དང་འབྲེལ་དཔྱད་གཞི་ངོ་མ་མཁོ་འདོན་བྱེད་དགོས།

དྲ་ཐོག་ནས་གཏན་འཁེལ་བྱེད་པའི་དུས་ཚོད་ནི་ཞིང་ཆེན་རིམ་པ་ཁག་གི་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་སྒྲིག་གཞིས་སློབ་གསོ་པུའི་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་དང་ས་ཁུལ་དེ་གའི་མིང་འགོད་རྒྱུགས་སྤྲོད་རྩ་འཛུགས་ཀྱི་གནས་ཚུལ་གཞིར་བཟུང་རང་དགར་གཏན་འཁེལ་དང་ཡོངས་བསྒྲགས་བྱེད་པ་དང་། ཞིབ་ཕྲའི་གཏན་འཁེལ་ལས་དོན་ནི་འབྲེལ་ཡོད་མིང་འགོད་རྒྱུགས་སྤྲོད་ས་ཚིགས་ཀྱིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་དགོས། རྒྱུགས་སྤྲོད་སློབ་མས་མིང་འགོད་རྒྱུགས་སྤྲོད་ས་ཚིགས་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ཏེ། དྲ་ཐོག་ནས་གཏན་འཁེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས། རང་ཉིད་ཀྱི་མིང་ཐོ་འགོད་པའི་ཆ་འཕྲིན་ལ་ཞིབ་བསྡུར་ནན་ཏན་བྱེད་པ་དང་འབྲེལ་གཏན་འཁེལ་བྱས་ཏེ། ཞིབ་བཤེར་ལས་དོན་གྱི་བླང་བྱ་གཞིར་བཟུང་ཁ་གསབ་དཔྱད་ཡིག་འབུལ་དགོས།

རྒྱུགས་སྤྲོད་སློབ་མ་ཚང་མས་དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་གཏན་ཁེལ་བྱེད་པའི་ནང་ཞུགས་དགོས་པ་དང་། 《རྒྱུགས་སྤྲོད་སློབ་མའི་ཡིད་རྟོན་རྒྱུགས་སྤྲོད་ཁས་ལེན་ཡི་གེར》མིང་རྟགས་འགོད་དགོས་པ་མ་ཟད། འབྲེལ་ཡོད་ཁ་ཆད་ལ་བརྩི་སྲུང་ཞུ་དགོས་པ་དང་། དུས་ལས་ཡོལ་རྗེས་གསབ་གཉེར་བྱེད་མི་ཆོག རྒྱུགས་སྤྲོད་སློབ་མས་དྲ་ཐོག་ཐོ་འགོད་གྱི་ཆ་འཕྲིན་འབྲི་ནོར་ཤོར་བ་དང་ཆ་འཕྲིན་རྫུས་མ་བྲིས་ནས་ཡིག་རྒྱུགས་གཏོང་མི་ཐུབ་པ(ཐོག་མའི་རྒྱུགས་ལེན་དང་བསྐྱར་རྒྱུགས་ཚུད་པ)དང་སློབ་བསྡུ་བྱེད་མ་ཐུབ་པའི་རིགས་ཀྱི་མཇུག་འབྲས་དེ་རྒྱུགས་སྤྲོད་སློབ་མ་རང་ཉིད་ཀྱིས་འགན་འཁུར་དགོས།


མཉམ་སྤྱོད།