དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས།

2024-10-16 15:10:14   |   244

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་གནས་ཚུལ(2024ལོའི་ཟླ10པའི་ཚེས1ཉིན་བར)ཡོངས་བསྒྲགས་བྱས།

གཞི་གྲངས་ལས་མངོན་པར། ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་ཐད་ཧྲང་ཧའེ་ཆེས་མཐོ་ཤོས་ཡིན་པ་དང་སྒོར2690ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཅང་སུའུ་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་རིམ་པ་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་སྒོར2490ཡིན་ཞིང་གཉིས་ཀ་ཨང་གཉིས་པར་སླེབས་པ་དང་། པེ་ཅིན་གྱི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་སྒོར2420ཡིན། ཅི་ལིན་དང་། ཧུའུ་ནན། ཡུན་ནན་སོགས་ཀྱི་ཚད་གཞི་ཡར་འཕར་ཡོད།

མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར1880ཡིན་པ་དང་། རིམ་པ་དང་པོའི་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར18རེད། 

789.jpg


མཉམ་སྤྱོད།