དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་གནས་སྐོར་ལམ་ཐིག་གཅིག་རྒྱལ་ཡོངས་ལམ་ཐིག་རྩེ་གྲའི་གྲས་སུ་ཚུད།

2024-10-17 09:28:52   |   328

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་ཐིང་ནས་ཐོས་པའི་གཏམ་བཟང་ལྟར་ན། མཚོ་སྔོན་གྱི་ལམ་ཐིག་གསུམ་རིག་གནས་གནས་སྐོར་པུས་བདམས་པའི་གྲོང་གསེབ་ཀྱི་གནས་སྐོར་ལམ་ཐིག་རྩེ་གྲའི་གྲས་སུ་བདམས། ལམ་ཐིག་དེ་གསུམ་ནི་མཚོ་སྔོན•དགོན་ལུང“ཚོན་མདོག་རྣམ་པར་བཀྲ་བའི་རི་ཆུའི་བརྩེ་བ”དང་། “གསེར་མདོག་འཇུ་ལག རི་ཆུའི་འཕྲེང་བ།”དང་། མཚོ་སྔོན•སྐུ་འབུམ“གྲོང་གསེབ་ཀྱི་ཁྱད་ཆོས་འཚོལ་བའི”རྨི་ལམ་གྱི་འགྲུལ་བཞུད་བཅས་ཡིན།

“མི་ཡུལ་གྱི་གནས་མཆོག་གྲོང་གསེབ་ཏུ་གནས”ཞེས་པའི་བརྗོད་དོན་གཙོ་བོའི་ལམ་ཐིག་དེ་རིག་གནས་གནས་སྐོར་པུའི་གཞུང་ཕྱོགས་དྲ་བའི་དྲ་ངོས་དང་པོར་བཏང་ཡོད་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྨྱན་སྦྱོར་གསར་པ་བརྒྱུད་དེ་ལམ་ཐིག་གི་འབྲེལ་ཡོད་བརྙན་ཐུང་དང་པར་རིས་སོགས་ཀྱི་ནང་དོན་བཏོན་ནས་གྲོང་གསེབ་ཀྱི་ཟ་མ་ཞིམ་པོ་དང་། མཛེས་ལྗོངས། མཛེས་སྡུག་ལྡན་པའི་དངོས་པོ་བཅས་འགྲེམ་སྟོན་བྱ་རྒྱུ་རེད།《ཀྲུང་གོའི་རྒྱལ་ཁབ་གནས་སྐོར》ཞེས་པའི་དུས་དེབ་ཀྱིས་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ་དྲ་ཐོག་རྩོམ་ཡིག་བསྡུ་རྒྱུ་དང“མི་ཡུལ་གྱི་གནས་མཆོག་གྲོང་གསེབ་ཏུ་གནས”ཞེས་པའི་མུ་འབྲེལ་བརྗོད་དོན་བྱ་འགུལ་སྤེལ་ནས་ས་གནས་ཁག་གི་རིག་གནས་གནས་སྐོར་སྡེ་ཚན་དང་མཉམ་དུ་དྲིལ་སྒྲོག་བྱ་རྒྱུ་རེད། མེ་ཐོན་དང་། ཕག་ཕྲུག གང་དུ་འགྲོ། ཐུའུ་ཅ་གྲོང་མིའི་སྡོད་ཁང་སོགས་ཁྲོམ་རའི་ལས་སྟེགས་ཀྱིས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ལམ་ཐིག་དེ་དག་གཞན་ལ་འགྲེམ་སྟོན་དང་ཁྱབ་གདལ་གཏོང་རྒྱུ་རེད།   


མཉམ་སྤྱོད།