དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་ནུབ་ཁུལ་གྱིས་མི་རིགས་སྐད་ཡིག་ལས་དོན་ཚོགས་འདུ་འཚོགས།

2024-10-17 09:44:15   |   326

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།    རིན་ཆེན་ཚེ་རིང་།


ཟླ10པའི་ཚེས15ཉིན་གྱི་སྔ་དྲོར།  མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་ཚོགས་འདུ་གཏེར་ལེན་ཁ་གྲོང་ཁྱེར་རུ་འཚོགས། མཚོ་ནུབ་ཁུལ་སྲིད་གཞུང་གི་ལས་བགོས་ཁུལ་དཔོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། འབྲེལ་ཡོད་མགོ་ཁྲིད་གཙོ་བོས《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལས་དོན་སྲོལ་ཡིག》ཐད་ཀྱི་མཛུབ་སྟོན་དགོངས་འཆར་བརྒྱུད་བསྒྲགས་དང་། ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཐད་བླངས་པའི་གྲུབ་འབྲས་ཕྱོགས་སྡོམ།  རྗེས་ཕྱོགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། 

01.jpg

ཚོགས་འདུའི་སྟེང་། མི་རིགས་སྐད་ཡིག་ལས་ཁག་གིས་རང་རང་གི་ཕྲག་ཏུ་བབས་པའི་དམིགས་བསལ་གྱི་འགན་འཁྲི་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་།  ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་ལས་ཀའི་གཙོ་རྐང་དེར་ངོས་འཛིན་ཡང་དག་སྒོས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ།  རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྔར་བས་དོ་ཁུར་བྱས་ནས།  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ། མི་རིགས་ཀྱི་གནད་དོན་དང་མི་རིགས་ལས་དོན་གྱི་ཆབ་སྲིད་ངོ་བོར་ངེས་པར་དུ་དམ་འཛིན་ནན་མོ་བྱེད་པ་དང་ལྟ་བ་གསལ་སྟོན་སྒོས་ཆབ་སྲིད་རང་བཞིན་ནན་འཛིན་བྱས་ཏེ། ཆབ་སྲིད་ལ་དང་དོད་བྱེད་པའི་བླང་བྱ་དེ་མི་རིགས་སྐད་ཡིག་ལས་དོན་གྱི་གོ་རིམ་ཧྲིལ་པོར་ཁྱབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་བྱས། 

02.jpg

ཚོགས་འདུས་མཚོ་ནུབ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ལྷག་པར་དུ《སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས།   མི་རིགས་སྐད་ཡིག་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བླང་བྱ་བཏོན། 

03.jpg

དེ་དང་ཆབས་ཅིག  ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲངས་ཉུང་མི་རིགས་སྐད་ཡིག་ཡིག་སྒྱུར་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་ལས་སྒོའི་རྐང་འཛིན་པ་གདན་འདྲེན་ཞུས་ནས། ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པར་གཞུང་ཡིག་ཡིག་སྒྱུར་གྱི་གཞི་རྩའི་རྩ་དོན་དང་བྱེད་ཐབས། དོ་སྣང་བྱ་ཡུལ། བརྡ་ཆད་གསར་པ་གཅིག་གྱུར་བཅས་ཀྱི་ཐད་ཀྱི་ཆེད་དོན་འཆད་ཁྲིད་བྱས་ཤིང་། སྐད་གཉིས་ལས་བྱེད་པ་ཡོངས་ལ་སློབ་སྦྱོང་དང་ལག་ལེན་གྱི་མཛུབ་སྟོན་ནན་མོ་བྱས།

0000~1.jpg

མཚོ་ནུབ་ཁུལ་གྱི་ས་ཁུལ་ཁག་གི་སྲིད་གཞུང་དང་ཚྭ་འདམ་སྲིད་འཛིན་ཨུ་ལྷན་གྱི་ལས་བགོས་འགན་འཁུར་བློ་མཐུན་དང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། ས་ཁུལ་ཁག་གི་མི་རིགས་སྐད་ཡིག་ལས་དོན་གྱི་འགན་འཁུར་བ་དང་དེ་བཞིན་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་པ་མི67བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།