སྒྲིག་སྒྱུར། དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་གོའི་ས་ཡོམ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་ཁེལ་བྱས་པར་གཞིགས་ན། ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད5དང་སྐར་མ11སྟེང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ་རིམ་པ4.0ཅན་གྱི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཡིན་ལ། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ32.49དང་ཤར་གྱི་གཞུང་ཐིག་ཏུའུ90.28ཡིན་པ་རེད།