དེ་རིང་ནི2025ལོའི་ཟླ01པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་བཙུགས་པ།

2024-10-29 16:27:04   |   161

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཟླ10པའི་ཚེས28ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་བཙུགས་པར་མ་ཟད་འགྲན་ཞུགས་མཛད་སྒོ་དེ་མཚོ་སྔོན་སློབ་ཆེན་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་པད་ཁོ་ཡིས་འཐུས་ཚབ་ཚོགས་པར་དར་ཆ་གནང་བ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་འཐུས་ཚབ་ཚོགས་པ་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལུས་རྩལ་ཅུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དེ་ཟླ11པའི་ཚེས22ཉིན་ནས་ཚེས30ཉིན་བར་ཧེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་ནས་འཚོག་རྒྱུ་རེད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་རྒྱལ་ཡོངས་མི་དམངས་ལ་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ངོམ་སའི་སྟེགས་བུ་ཞིག་མ་ཟད། མཚོ་སྔོན་གྱི་མི་རིགས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་ཞིབ་དཔྱད་བྱ་བའི་གོ་སྐབས་ལེགས་ཤོས་དེ་ཡང་རེད།

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ། མཚོ་སྔོན་གྱི་ལུས་རྩལ་པ་དང་རྩལ་ཁྲིད་པ211འགྲན་སྡུར་རྣམ་གྲངས10དང་འཁྲབ་སྟོན་རྣམ་གྲངས5རུ་ཞུགས་ཡོད། དེའི་ཁྲོད་ཀྱི་རྟ་རྩལ་རྣམ་གྲངས་དེ་ད་ལོའི་ཟླ7པར་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དུ་བསྡུས་པ་དང་། མཚོ་སྔོན་གྱིས་རྟ་རྒྱུགས་ནས་མདའ་འཕེན་པ་དང་རྟ་རྒྱུགས་ནས་ཁ་བཏགས་ལེན་པའི་རྣམ་གྲངས་གཉིས་ལ་ཐུན་མོང་གི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལས་རྟ་རྩལ་འགྲན་སྡུར་གྱི་རྣམ་གྲངས་ཁྲོད་གྲུབ་འབྲས་ལེགས་ཤོས་བླངས་པ་རེད།

འགྲན་སྡུར་ལ་ཞུགས་པའི་རྩལ་ཁྲིད་པ་དང་ལུས་རྩལ་པའི་འཐུས་ཚབ་པས་འདི་སྐད། །ང་ཚོས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་མི་རིགས་ལུས་རྩལ་བྱ་གཞག་གི་ལམ་ཁ་འདི་ནས་་གཟི་བརྗིད་ལ་བརྩོན་ལེན་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་སེམས་སུ་ཉར་ནས་མཐུན་སྒྲིལ་ཡར་བརྩོན་དང་། མ་སྐུལ་དང་བླངས། རང་གཅུན་ནན་མོ་བཅས་བྱས་ནས། འགྲན་སྡུར་གྱི་ཡུལ་དངོས་སུ་མཐོ་སྒང་གི་བུ་དང་བུ་མོའི་འགྲན་སློང་བྱེད་ཕོད་ལ་མཐུན་སྒྲིལ་ཡར་བརྩོན་གྱི་སྙིང་སྟོབས་མཚོན་གང་ཐུབ་དང་། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀྱི་ཐད་འབྲས་བཟང་བླངས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་པར་སྔར་ལས་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན།


མཉམ་སྤྱོད།