དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཀྱི་བྱིས་པའི་ཟློས་གར《མཐོ་སྒང་གི་མིག་ཟུང་དྭངས་མོ》ཞེས་པ་ཟི་ལིང་དུ་འཁྲབ་སྟོན་བྱས།

2024-11-01 14:31:44   |   327

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10བའི་ཚེས30ཉིན་པེ་ཅིན་འཁྲབ་སྟོན་སྡེ་ཚོགས་དང་པེ་ཅིན་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུས་ཕབ་སྐྲུན་བྱས་པ་དང་། པེ་ཅིན་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་སྒྲིག་བཟོ་དང་འཁྲབ་སྟོན་བྱས་པ། པེ་ཅིན་གྲོང་ཁྱེར་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུས་རྒྱབ་སྐྱོར་བྱས་པའི་དངོས་ཡོད་རིང་ལུགས་བརྗོད་གཞི་ཡིན་པའི་བོད་ཀྱི་བྱིས་པའི་ཟློས་གར《མཐོ་སྒང་གི་མིག་ཟུང་དྭངས་མོ》ཞེས་པ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས།

པེ་ཅིན་འཁྲབ་སྟོན་སྡེ་ཚོགས་ཀྱི2024ལོའི་གཙོ་གནད་འཁྲབ་ཚན་ཡིན་པའི་ཆ་ནས།《མཐོ་སྒང་གི་མིག་ཟུང་དྭངས་མོ》ཞེས་པ་ཡུལ་ཤུལ་ཁུལ་ལྷུན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏམ་རྒྱུད་རྒྱབ་ལྗོངས་སུ་བྱས་ནས། བྱིས་པའི་ཟློས་གར་དང་རོལ་དབྱངས། གླུ་གར། ཤིང་བཟོས་འདྲ་གཟུགས་སོགས་སྒྱུ་རྩལ་གྱི་མཚོན་ཚུལ་དང་ཟུང་འབྲེལ་བྱས་པ་དང་། སྲོལ་རྒྱུན་གྱི་བྱིས་པའི་ཟློས་གར་ལྟད་མོ་བའི་མྱོང་ཚོར་གསར་དུ་བཏོད་དེ། པེ་ཅིན་བྱིས་པ་དག་དབྱར་གཞུང་སྐབས་སུ་ཡུལ་ཤུལ་ནས་ཐོན་པའི་གྲོགས་པོ་ཆུང་ཆུང་ངོ་ཤེས་པ་ནས་ཕན་ཚུན་གཅེས་སྐྱོང་བྱེད་པའི་བར་གྱི་བརྩེ་དུང་ཟབ་མོ་སོགས་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།

འཁྲབ་ཚན་དེས་མཚོ་བོད་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་དང་བབ་ཆགས་ལྷད་མེད་ཀྱི་མི་རིགས་ཡུལ་སྲོལ་མཚོན་པའི་དུས་མཚུངས་སུ། པེ་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལས་དོན་ཁྲོད་ཀྱི་གནས་ཚུལ་རེ་རེ་འཁྲབ་ཚན་གྲས་སུ་བཞག་ཡོད་པ་དང་། ཐུན་མོང་མ་ཡིན་པའི་མཛེས་སྡུག་དང་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་དང་ལེན་བྱེད་པའི་རྨང་གཞིའི་རིག་གནས་ཀྱི་གཞི་རྟེན་བརྒྱུད། “བརྗོད་གཞི་ཆུང་ངུ”ཡི་སྟེང་ནས“དུས་རབས་ཆེན་པོ”མངོན་པ་དང་། མི་སེམས་འགུལ་བའི་ཚེ་སྲོག་གི་གཏམ་རྒྱུད་ལས་མི་རྣམས་ཀྱི་སེམས་གཏིང་གི་བརྩེ་དུང་ལ་གཡོ་འགུལ་ཐེབས་སུ་བཅུག

ངོ་སྤྲོད་བྱས་པ་ལྟར་ན། འཁྲབ་གཞུང་དེའི་གསར་རྩོམ་འཁྲབ་སྟོན་ནི་མཚོ་སྔོན་རོགས་སྐྱོར་བྱ་བའི་སྒྱུ་རྩལ་གྱི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། པེ་ཅིན་དང་ཡུལ་ཤུལ་བར་གྱི་རིག་གནས་མཉམ་ལས་ཀྱི་འབྲས་བུ་ཞིག་ཀྱང་ཡིན། རིག་གནས་སྤེལ་རེས་བྱས་པ་བརྒྱུད། ས་གནས་གཉིས་ཀྱི་མི་དམངས་བར་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་བ་དང་། མཉམ་གཅིག་ཏུ་མཚོ་སྔོན་་རོགས་སྐྱོར་བྱས་པར་བསྟོད་གླུ་འཐེན་ཡོད།


མཉམ་སྤྱོད།