དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“ཕྱུགས”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་ཤུགས་སྣོན་བྱེད་པ།

2024-12-10 16:46:07   |   433

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལས་དོན་དེ“སྒུལ་ཤུགས་གལ་ཆེན”དང“མགོ་ཁྲིད་གཙོ་བོའི”ལས་གཞིར་བརྩིས་ནས་བཟོ་ལས་ཅན་གྱི་བསམ་ཕྱོགས་དང་ཁྲོམ་ར་ཅན་གྱི་འདུ་ཤེས། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཐོན་སྐྱེད་ནི་རྣམ་གྲངས་སྐུལ་ཁྲིད་དང་སྣེ་འདྲེན་སྐུལ་ཁྲིད། གོང་འོག་མཉམ་འགུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་ཆེད“ནུས་ཤུགས་བཏོན་ཡོད།

ལུས་རྩལ་དང་ཐབས་ཇུས་ལེགས་བསྡུའི“འགུག་ཤུགས”བསྐྲུན་པ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ཆ་སྒྲིག་ལས་གཞིར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་མཚོ་སྐོར་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་ཆེ་ཤོས་སྲོག་ཤིང་དུ་བྱས་ཏེ། བ་གླང་དང་ལུག འབྲི་གཡག རྩྭའི་ཐོན་ལས། ཕྱུགས་རིགས་ཉོ་ཚོང་སོགས་ཕྱུགས་ལས་ཐོན་ལས་རྟེན་གཞི59བཙུགས་པ་དང་། བྱང་རིའི་གཞུང་ལམ་གྱི་ཞིང་ཕྱུགས་ལས་རིགས་ཁྱུ་ཚོགས་འཕེལ་རྒྱས་ཁུལ་ཚད་གཞི་མཐོ་པོས་བཏོད་དེ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར5.3བཏང་ནས་ཞིང་ཕྱུགས་ལས་ཀྱི་སྒྲིག་བཀོད་ཇེ་ལེགས་སུ་བཏང་ནས་བོད་ལུག་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཀྱི་གཅིག་སྡུད་ཁུལ་བཏོད་དེ་ཁྱུ་ཚོགས300ལྷག་དང་ཁྲི6ལྷག་གསོ་སྐྱོང་བྱས་པ་རེད། རིམ་བཞིན“འདེབས་གསོ་ཟུང་འབྲེལ་དང་ཞིང་ཕྱུགས་གསབ་རེས། རྩྭ་ཕྱུགས་མཉམ་འགུལ། འཁོར་རྒྱུག་འཕེལ་རྒྱས”བཅས་ཀྱི་ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བསྐྲུན་ནས་རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད60%ཡན་ཟིན་ཡོད་པ་རེད།

གསར་གཏོད་ལ་བརྟེན་ནས“གསོན་ཤུགས”འཕེལ་བར་བྱེད་པ། ནོར་ལུག་བཤས་ཁོངས་སུ་གཏོང་བའི་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་མཚོ་སྐོར་ས་ཁུལ་དུ་བོད་ལུག་གི་རིན་གོང་སྟོན་གྲངས་འགན་བཅོལ་སྔོན་ལ་ཚོད་ལྟ་བྱེད་པ། ཞིང་ཕྱུགས་ལས་ཀྱི་སྣེ་འདྲེན་ཁེ་ལས་སྟོབས་ཆེར་གཏོང་བ་དང་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲེལ་ཞིང་འཁྲིད་བྱེད་སྟངས་གསར་གཏོད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་། “སྦྲེལ་ཐག་ཆ་ཚང་བ་དང་ནུས་པ་གསབ་རེས། ལས་རྣམ་ཕུན་སུམ་ཚོགས་པ”བཅས་ཀྱི་ཐོན་ལས་མཉམ་འདྲེས་ལམ་སྲོལ་འཛུགས་རྒྱུ་དམིགས་འབེན་དུ་བཟུང་སྟེ། འབྲེལ་མཐུད་ཀྱི་འཆར་གཞི་ལག་བསྟར་བྱས་ནས་བདག་གཉེར་བྱེད་མཁན་གསར་པ170ལྷག་ཙམ་གསོ་སྐྱོང་བྱས་པ་དང“བདེ་བརྟན་མདའ་བཞིའི་ལྗང་མདོག་ཞིབ་འབྱེད”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང“གསེར་དངུལ་ཐང་གི་ལུག་ཤའི་ཟས་མཆོག”སོགས་སྟེགས་བུར་བརྟེན་ནས་ཞིང་འབྲོག་ལས་དང་གནས་སྐོར། རིག་གནས་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དང་སྤྲོ་གསེང་ཞིང་ཕྱུགས་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་ཡོད།

ཚན་རྩལ་ལ་བརྟེན་ནས“དངོས་ཤུགས”ཆེ་རུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱས་ཏེ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ཕྱུགས་ལས་ཕྱུགས་ནད་ཚན་རིག་ཁང་དང“སློབ་གྲྭ་དང་ས་གནས་མཉམ་ལས”ཀྱི་ལམ་སྲོལ་བཙུགས་ཏེ་ཕྱོགས་ཡོངས་ནས་བོད་ལུག་གསོ་སྤེལ་དང་གཟན་རྩྭ་འདེབས་གསོ་སོགས་ཀྱི་ལག་རྩལ་ཁག6ཁྱབ་གདལ་བཏང་བས་ཕྱུགས་རིགས་ཀྱི་རྒྱུད་བཟང་ཐོན་ཚད90%ཡན་ཟིན་པ་དང་། ཞིང་ལས་སྐྱེ་དངོས་སོན་བཟང་ཅན་དུ་འགྱུར་ཚད98%ཟིན་ནས་རིམ་བཞིན“ཚན་རྩལ་གྱིས་དཔེ་སྟོན་སྣེ་ཁྲིད་དང་དཔེ་སྟོན་གྱིས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བའམ་མ་ལག་ཁྱབ་གདལ་གཏོང་བ”བཅས་ཀྱི་ཚན་རྩལ་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བའི་མ་དཔེ་ཁྱབ་སྤེལ་བཏང་། མཐོ་སྒང་གི་བོད་ལུག“ལོ་གཉིས་ལ་ལུ་གུ་སྐྱེ་ཐེངས་གསུམ”དང་སོན་བཟང་འདེམས་གསོ། གསོ་སྤེལ་སོགས་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཏང་སྟེ། ཐོན་ལས་ཚད་ལྡན་ཅན་གྱི་མ་ལག་བཙུགས་ནས“མཚོ་སྔོན་པོའི་ལུ་གུ་དང་གསེར་དངུལ་ཐང་གི་ལུ་གུ”སྤུས་ལེགས་ཅན་དུ་གྱུར་ཡོད།


མཉམ་སྤྱོད།