དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལིན་དབྱི་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གིས་མདའ་བཞི་རྫོང་གི་སློབ་གསོ་དང་སྨན་བཅོས་ལ་རོགས་སྐྱོར་གྱི་ཐེབས་རྩ་སྤྲོད་པའི་མཛད་སྒོ་སྤེལ།

2024-12-11 11:30:24   |   433

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས10ཉིན། ལིན་དབྱི་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གིས་མདའ་བཞི་རྫོང་གི་སློབ་གསོ་དང་སྨན་བཅོས་ལ་རོགས་སྐྱོར་གྱི་ཐེབས་རྩ་སྤྲོད་པའི་མཛད་སྒོ་དེ་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་རུ་འཚོགས། ལིན་དབྱི་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་ཚན་གཙོ་དང་། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་རིན་ཁྲོན་ཧྥུ་བྱ་འགུལ་སྟེང་ཞུགས་ནས་གསུང་བཤད་གནང་།

ཐེངས་འདིའི་བྱ་འགུལ་ཁྲོད་དཀའ་ངལ་ཡོད་པའི་དགེ་རྒན་དང་སློབ་མ། ནད་པ218ལ་སྒོར་འབུམ་གསུམ་ཁྲི་དྲུག་སྟོང་བཞི་རོགས་སྐྱོབ་བྱས་པ་དང་། མདའ་བཞི་རྫོང་གི་སློབ་གསོ་དང་སྨན་བཅོས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ཚོགས་པ་དེ་ལིན་དབྱི་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གིས་ལིན་དབྱི་གཅེས་སེམས་ཁེ་ལས་ཁག་གཅིག་དང་གཅེས་སེམས་མི་སྣ་དང་མཉམ་དུ་མ་དངུལ་བཏོན་ནས་བཙུགས་པའི་ཐེབས་རྩ་ཚོགས་པ་ཞིག་ཡིན་ལ། ཞལ་འདེབས་དངུལ་སྒོར་ས་ཡ་གཅིག་ཁྲི་བདུན་དང་སྒོར་ས་ཡ་གཅིག་ཁྲི་ལྔ་བསྡུ་རུབ་བྱས་པ་དང་། དེའི་དམིགས་ཡུལ་ནི་མདའ་བཞི་ས་གནས་ཀྱི་སྨན་བཅོས་དང་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ནས་དཀའ་ངལ་ཡོད་པའི་དགེ་སློབ་ལ་རོགས་སྐྱོབ་དང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་རོགས་སྐྱོབ་བྱ་རྒྱུ་དེ་ཡིན། མིག་སྔའི་བར་དུ་ཁྱོན་སྡོམ་པའི་ཐེབས་རྩ་སྒོར་ས་ཡ་གཅིག་ཁྲི་ལྔ་དགུ་བརྒྱ་སྤྲད་དེ་དཀའ་ངལ་ཡོད་པའི་དགེ་རྒན་དང་སློབ་མ། ནད་པ་བཅས་མི་ཐེངས465ལ་རོགས་རམ་བྱས། 

མདའ་བཞིའི་སློབ་གསོ་དང་སྨན་བཅོས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་འཛུགས་པ་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཐོག་རྫོང་གཅིག་ལ་དུས་གཅིག་ཏུ་སློབ་གསོ་དང་སྨན་བཅོས་ཀྱི་རོགས་སྐྱོར་རྣམ་གྲངས་གཉིས་འཛུགས་པའི་རྣམ་པ་འཚོལ་ཞིབ་བྱེད་ཐེངས་དང་པོ་ཡིན་ལ། ལིན་དབྱི་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གིས་ཐོན་ཁུངས་གཅིག་སྡུད་བྱས་ཏེ་མདའ་བཞི་སློབ་གསོ་དང་སྨན་བཅོས་བྱ་གཞག་ལ་རོགས་སྐྱོར་བྱས་པ་དང་། ལིན་དབྱི་ཡི་མཚོ་སྐྱོར་ཏང་ཡོན་ལས་བྱེད་པས“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ”པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཤིག་རེད། 

ལིན་དབྱི་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གིས་ས་གནས་གཉིས་ཀྱི་སྦྲེལ་ཟམ་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་ལིན་དབྱིའི་གཅེས་སེམས་ཁེ་ལས་དང་གཅེས་སེམས་མི་སྣ་སྔར་ལས་མང་བ་ཞིག་དང་མཉམ་དུ་མདའ་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ཏེ་མདའ་བཞི་སློབ་གསོའི་བྱ་གཞག་དང་སྨན་བཅོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་རེད།


མཉམ་སྤྱོད།