དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཁང་པའི་རིན་གོང་གསར་པ་ཁྱབ་བསྒྲགས་བྱས་འདུག

2024-12-18 09:30:34   |   82

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས2024ལོའི་ཟླ11པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་འཕར་ཆག་གི་གནས་ཚུལ་ཡོངས་བསྒྲགས་བྱས།   

2024ལོའི་ཟླ11པར་གྲོང་ཁྱེར་ཆེ་འབྲིང70ཡི་ཁྲོད་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་དེ་ཟླ་གོང་མའི་དུས་མཚུངས་ལས་འཕར་བའི་གྲོང་ཁྱེར་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ་དང་།  རིམ་པ་དང་པོའི་གྲོང་ཁྱེར་གྱི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་རིན་གོང་དེ་ཟླ་གོང་མའི་དུས་མཚུངས་ལས་སྤྱི་ཁྱབ་ནས་འཕར་ཡོད་པ་དང་།    རིམ་པ་གཉིས་པ་དང་གསུམ་པའི་གྲོང་ཁྱེར་གྱི་ཟླ་གོང་མའི་དུས་མཚུངས་ལས་མར་ཆག་ཚད་ཇེ་ཆུང་དུ་ཕྱིན།    གྲོང་ཁྱེར་རིམ་པ་ཁག་གི་དུས་མཚུངས་དང་བསྡུར་ན་ཆག་ཚད་ད་ལོ་ནས་བཟུང་ཐེངས་དང་པོ་ཇེ་ཆུང་དུ་ཕྱིན།   

1.གྲོང་ཁྱེར་རིམ་པ་དང་པོའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མའི་དུས་མཚུངས་དང་བསྡུར་ན་སྤྱི་ཁྱབ་ནས་འཕར་ཡོད་པ་དང་།  རིམ་པ་གཉིས་པ་དང་གསུམ་པའི་གྲོང་ཁྱེར་གྱི་ཟླ་གོང་མའི་དུས་མཚུངས་དང་བསྡུར་ན་མར་ཆག་ཚད་ཇེ་ཆུང་དུ་ཕྱིན།   

ཟླ11པར་གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་སྔོན་མ་དང་བསྡུར་ན་དེ་ལས0.2%ཆག་པ་ནས་གཅིག་མཚུངས་སུ་གྱུར་ཡོད།     དེའི་ནང་ཧྲང་ཧའེ་དང་ཧྲེན་ཀྲེན་སོ་སོ་ནས0.6%དང་0.3%འཕར་བ་དང་།    པེ་ཅིན་དང་ཀོང་ཀྲོའུ་སོ་སོ་ནསར0.5%དང་0.3%ཆག    རིམ་པ་དང་པོའི་གྲོང་ཁྱེར་གྱི་ལག་བརྒྱུད་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་སྔོན་མ་ལས0.4%འཕར་བ་དང་འཕར་ཚད་ཟླ་སྔོན་མ་དང་གཅིག་མཚུངས་རེད།   དེའི་ནང་པེ་ཅིན་དང་།   ཧྲང་ཧའེ།   ཧྲེན་ཀྲེན་བཅས་སོ་སོ་ནས0.9%དང་།    0.4%0.5%བཅས་འཕར་བ་དང་། ཀོང་ཀྲོའུ0.4%ཆག་འདུག    

 ཟླ11པར་རིམ་པ་གཉིས་པའི་གྲོང་ཁྱེར་གྱི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་སྔོན་མ་ལས0.1%ཆག་པ་དང་ཆག་ཚད་དེ་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གཞི་གྲངས0.4ཇེ་ཆུང་དུ་ཕྱིན།    ལག་བརྒྱུད་སྡོད་ཁང་ཟླ་སྔོན་མའི་དུས་མཚུངས་ལས0.2%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས0.2ཇེ་ཆུང་དུ་ཕྱིན།     རིམ་པ་གསུམ་པའི་གྲོང་ཁྱེར་གྱི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་སྔོན་མའི་དུས་མཚུངས་ལས0.3%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས0.2ཇེ་ཆུང་དུ་ཕྱིན།   ལག་བརྒྱུད་སྡོད་ཁང་ཟླ་སྔོན་མའི་དུས་མཚུངས་ལས0.5%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས0.1ཇེ་ཆུང་དུ་ཕྱིན།    

ཟླ11པར་གྲོང་ཁྱེར་ཆེ་འབྲིང70ཡི་ཁྲོད་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་བ་སྔོན་མ་ལས་འཕར་བའི་གྲོང་ཁྱེར17ཡོད་པ་དེ་ཟླ་སྔོན་མ་ལས10འཕར་བ་དང་།   ལག་བརྒྱུད་སྡོད་ཁང་ཟླ་སྔོན་མ་ལས་འཕར་བའི་གྲོང་ཁྱེར10ཡོད་ལ། དེ་ཟླ་བ་སྔོན་མ་ལས2འཕར།

2.གྲོང་ཁྱེར་གྱི་ཚོང་ཟོག་སྡོད་ཁང་ཁག་དང་པོ་དང་།  གཉིས་པ།   གསུམ་པ་བཅས་ཀྱི་ཕྱིར་ཚོང་རིན་གོང་དུས་མཚུངས་ལས་ཆག་ཚད་ཆུང་དུ་ཕྱིན་པ།    

ཟླ11པར་གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་དུས་མཚུངས་ལས་4.3%ཆག་པ་དང་ཆག་ཚད་དེ་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གཞི་གྲངས0.3ཆུང་དུ་ཕྱིན་ཡོད།    དེའི་ནང་པེ་ཅིན་དང་།    ཀོང་ཀྲོའུ།    ཧྲེན་ཀྲེན་བཅས་སོ་སོ་ནས5.3%དང་།   9.9% ། 7.1%བཅས་ཆག་པ་དང་། ཧྲང་ཧའེ5.0%འཕར།    གྲོང་ཁྱེར་རིམ་པ་དང་པོའི་ལག་བརྒྱུད་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས8.0%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས1.6ཇེ་ཆུང་དུ་ཕྱིན་ལ། དེའི་ནང་པེ་ཅིན་དང་།    ཧྲང་ཧའེ།    ཀོང་ཀྲོའུ།    ཧྲེན་ཀྲེན་བཅས་སོ་སོ་ནས6.2%དང་།   4.9%།   11.9% །   9.0%ཆག   

ཟླ11པར་རིམ་པ་གཉིས་པའི་གྲོང་ཁྱེར་གྱི་གསར་སྐྲུན་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་དུས་མཚུངས་ལས5.8%ཆག་པ་དང་ཆག་ཚད་དེ་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གཞི་གྲངས0.2ཇེ་ཆུང་དུ་ཕྱིན་ཡོད།    ལག་བརྒྱུད་སྡོད་ཁང་དུས་མཚུངས་ལས8.4%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས0.4ཇེ་ཆུང་དུ་ཕྱིན།     རིམ་པ་གསུམ་པའི་གྲོང་ཁྱེར་གྱི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཕྱིར་ཚོང་རིན་གོང་དུས་མཚུངས་ལས6.5%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས0.1ཇེ་ཆུང་དུ་ཕྱིན།    ལག་བརྒྱུད་སྡོད་ཁང་དུས་མཚུངས་ལས8.8%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས0.2ཇེ་ཆུང་དུ་ཕྱིན། 

ཟླ11པར་གྲོང་ཁྱེར་ཆེ་འབྲིང70ཡོད།  

1.jpg


མཉམ་སྤྱོད།