དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདའ་བཞི་རྫོང་གིས“སྤུས་རྟགས་གསུམ”ཡག་པོ་སྤྱད་དེ་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་ཐོན་ཡོད།

2024-12-18 09:42:44   |   162

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས“སྐྱེ་ཁམས་ཀྱི་སྤུས་རྟགས་ཨང་དང་པོའི”འདུ་ཤེས་བརྟན་པོ་བཙུགས་ཏེ། འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མ་མཐའི་མཚམས་ཐིག་གཉིས་མཐའ་གཅིག་ཏུ་སྲུང་ནས་ཞན་ཆ་གསབ་པ་དང་མ་མཐའི་མཚམས་ཐིག་བརྟན་དུ་གཏོང་བ། མ་མཐའི་མཚམས་ཐིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“སླར་གསོ་དང་བཅོས་སྒྲིག  སྲ་བརྟན”བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་ཕྱོགས་བསྡུས་བཅོས་སྐྱོང་ཚན་རིག་དང་མཐུན་པ། སྐྱེ་ཁམས་འཛུགས་སྐྱོང་འཆམ་མཐུན་བཅས་བྱུང་ཡོད།

“ཉམས་གསོའི་བྱང་བུ”ཡག་པོ་སྤྱད་དེ་སྐྱེ་ཁམས་སྲུང་ཡོལ་དེ“མ་ལག་ཅན”བསྐྲུན་པ། མདོ་ལ་རིང་མོའི་ལྷོ་འདབས་མདའ་བཞི་ས་ཁུལ་གྱི་ལོ་རྒྱུས་ཤུལ་བཞག་གི་གཏེར་དོང་མུའུ1150ཚང་མ་སླར་གསོ་བཅོས་སྒྲིག་བྱས་པ་རེད། མ་དངུལ་སྒོར་ཁྲི8300བཏང་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་བྱེ་འགོག་བྱེ་བཅོས། ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས། རྩྭ་ཐང་ཉམས་གསོ་སོགས་གཙོ་གནད་སྐྱེ་ཁམས་སླར་གསོའི་ལས་གཞི་བཅུ་ལྷག་ཙམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད། རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་དུ་བསྒྱུར་བའི་ལོ3གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས།ཚད་གཞི་མཐོ་བའི་མཛེས་ལྗོངས་སྔོ་འགྱུར་སྡོང་རྐང་ཁྲི33.6ཟིན་པ་དང་། ལས་གཞི་བྱེ་འཇགས་ཀྱི་མི་ཐབས་ལ་བརྟེན་པའི་ནགས་བཟོ་མུའུ་ཁྲི2.75དང་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི4.9ཟིན་ལ། མ་དངུལ་སྒོར་ཁྲི1700བཏང་ནས་བྱང་རིའི་གནས་སྐོར་གཞུང་ལམ་དང་སྨོན་ལན་མཐོན་པོ་མྱུར་བགྲོད་ས་ཚིགས་ཀྱི་གཞུང་ལམ། ལ་མགོའི་ས་ཁུལ་སོགས་གཞུང་ལམ3གྱི་ལམ་རྒྱུད་དཔེ་རིས་བཅོས་སྐྱོང་བྱས་པས“ལམ་འགྲམ་ལེགས་སྐྱོང”ལས་དོན་བཅོས་སྐྱོང་བྱས་ཡོད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད72.68%ཟིན་པ་དང་། ནགས་ཚལ་ཁྱབ་ཚད11.72%ཟིན་པ། བྱེ་འགྱུར་རྒྱ་ཁྱོན་མུའུ་ཁྲི92.6བར་ཉུང་དུ་ཕྱིན་པ། འདམ་རའི་ཐོན་ཁུངས་མུའུ་ཁྲི35.1བརྟན་པོ་བྱུང་ཡོད་པ་རེད། རྫོང་ཡོངས་ཀྱི་ཆུ་རྒྱུད་ཆེན་པོ3གྱི་སྤུས་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་དང་། ཆུ་བོ་གཙོ་བོའི་ས་ཁོངས་ཀྱི་ཆུའི་སྤུས་ཚད་རིགསⅡདེ་ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

“བཅོས་སྐྱོང་བྱེད་ཐབས”ལེགས་པོ་སྤྱད་དེ་སྐྱེ་ཁམས་འཛུགས་སྐྲུན“གཏིང་ཟབ་གཏོང་བར”སྐུལ་སྤེལ་བཏང་ཡོད། མ་དངུལ་སྒོར་ཁྲི8500བཏང་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཆུ་གཙང་བཅོས་གཏིང་ཟབ་བྱེད་པ་དང་ནུབ་མཚོ་གྲོང་རྡལ་གྱི་གད་སྙིགས་སྦས་ཡུལ་གྱི་དུས་ཐེངས་གཉིས་པ། མཚོ་བྱང་ཁུལ་གྱི་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འབུད་སྒྲིག་བཀོད་འཐུས་ཚང་དུ་གཏོང་བའི་ལས་གཞི་སོགས་གཙོ་གནད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ལག་ལེན་བསྟར་བས་གཙོ་གནད་གྲོང་རྡལ་དུ་བཙོག་ཆུ་གཙང་གསིང་མ་ལག་ཁྱོན་ཡོངས་ལ་ཁྱབ་པ་རེད། ཞིང་ཆེན་ཡོངས་སུ་ཡུལ་གཞན་དུ་འཚོ་བའི་གད་སྙིགས་མེར་བསྲེག་གཏོང་བའི་ལས་དོན་སྔོན་ལ་སྤེལ་བ་དང་། བྱ་བའི་ཉམས་མྱོང་ལ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁས་ལེན་ཐོབ་པ་དང་ཁྱབ་གདལ་བཏང་ཡོད་པ་རེད། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ལོ3གྱི་འགག་སྒྲོལ་བྱ་སྤྱོད་སྤེལ་ནས“ལོ་དང་པོར་རྒྱལ་ཁབ་ཀྱི་རྣམ་གྲངས་ཀྱིས་ཨ་བྲ་རྩ་མེད་བཟོས་པ་དང་། ལོ་གཉིས་པར་རྫོང་ནོར་སྲིད་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་ཨ་བྲ་རྩ་མེད་བཟོས་པ། ལོ་གསུམ་པར་མང་ཚོགས་ཀྱིས་གྲབས་གསོག་བྱས་ནས་ཨ་བྲ་རྩ་མེད་བཟོས་པའི”མདའ་བཞིའི་བྱེད་སྟངས་ཀྱིས་ལོ3རིང་རིམ་རྩིས་བྱས་ན་ཨ་བྲ་བསད་ཚད་མུའུ་ཁྲི299ཟིན་ཡོད། ཙོང་ཆུའི་འབབ་རྒྱུད་ཀྱི་བཙོག་འབུད་མདོ་ཁ117བཅོས་སྒྲིག་བྱས་པ་དང་རྩྭ་ཐང་སྒེར་སྐྲུན་གང་བྱུང་དུ་བྱེད་པའི་གནད་དོན184བཅོས་སྒྲིག་བྱས་པ། རྩྭ་ས་གོ་རིམ་མེད་པར་སྤོ་རྒྱུད་བྱེད་པའི་དུད་ཚང879ལ་གྲལ་བཤེར་བྱས་པ་དང་རྩྭ་ས་མུའུ་ཁྲི43སྤོ་རྒྱུད་ཚད་ལྡན་དུ་བཏང་བ། སྤྱི་པའི་ཕྱུགས་ལམ་སྤྱི་ལེ253.5སྟོང་བར་བཟོས་པ་དང་ས་མུའུ་ཁྲི208.6ལ་ཕྱུགས་བཀག་བྱས་པ། ས་མུའུ་ཁྲི239.7ལ་རྩྭ་ཕྱུགས་དོ་སྙོམས་བཅས་བྱས་པ་རེད།

“བྱ་བ་བརྟན་པོ”བསྒྲུབས་ནས་སྐྱེ་ཁམས་སྲུང་སྐྱོང་ཐད“ཕུགས་ཕན་ཅན”གྱི་ནུས་པ་ཆེ་རུ་ཕྱིན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དམིགས་ནས་ཁྲིམས་འཛིན་སྡེ་ཚན6ཟླ་སྒྲིལ་བཏང་སྟེ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ་བཙུགས་ནས་མཐུན་སྦྱོར་མཉམ་སྒུལ་གྱི་ཁྲིམས་འཛིན་མ་ལག་ཅིག་ཆགས་པ་བྱ་རྒྱུ་རེད། ཞིང་ཆེན་ཡོངས་སུ“མི་སྣ་ལྔ་གཅིག་སྒྲིལ”གྱི་སྐྱེ་ཁམས་དོ་དམ་བཅོས་སྐྱོང་གི་སྒྱུར་བཅོས་སྔོན་ལ་ཁྱབ་གདལ་བཏང་བར་ཞིང་ཆེན་དང་ཁུལ་གྱི་ཁས་ལེན་ཐོབ་པ་མ་ཟད། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ལ་ཁྱབ་གདལ་བཏང་ཡོད་པ་རེད། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་རྩྭ་ཐང་། འདམ་ར། བྱེ་ཁུལ་སོགས་ཀྱི་དོ་དམ་སྲུང་སྐྱོང་བྱ་བ་རྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་པར་བསྒྲུབས་ཏེ། གཞི་རྩའི་རྩྭ་ཐང་གི“རི་མོ་གཅིག་”གི་དོ་དམ་མངོན་འགྱུར་ཡོང་བ་དང་། རྩྭ་ཆུ་ནགས་གསུམ་གྱི་མགོ་གཙོའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། རྫོང་རིམ་པའི་མགོ་ཁྲིད་པའི་སྐྱེ་ཁམས་ལྟ་སྐུལ་ཞིབ་བཤེར་དང་རྩྭ་ས་གོ་རིམ་མེད་པར་སྤོ་རྒྱུད་ལ་ལྟ་སྐུལ་དོ་དམ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་འཐེན་བཤེར་སོགས་ཀྱི་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་དཔྱད་ཞིབ་དམིགས་ཚད་ཁག11གིས་འགན་འཁྲི་ཏན་ཏིག་འཁུར་བ། བྱ་བ་མ་བསྒྲུབས་གོང་དང་བསྒྲུབས་རྗེས་ཁ་ཟུམ་པའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས། རྒྱུན་རྣམ་ཅན་དང་མཉམ་འགུལ་ཅན་གྱི་ཁོར་ཡུག་གི་གནད་དོན་རྩད་ཞིབ་དང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཆགས་ཡོད། “ཆེས་མཐོ་གཉིས”ཀྱི་ཁེ་ལས4བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྒོ་རྒྱག་པ་དང་ལས་མཚམས་བཞག་ནས་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་སྒྱུར་མངོན་འགྱུར་བྱུང་ཡོད།


མཉམ་སྤྱོད།