དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་གྱིས་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭའི་མནའ་འབྲེལ་བྱ་བའི་རྣམ་པ་ཆགས་པར་བྱས།

2024-12-19 09:45:18   |   97

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་།  མཚོ་བྱང་ཁུལ་གྱིས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་དམར་པོའི་ཞིབ་སློབ་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཟུང་འབྲེལ་དམ་པོ་བྱས་ནས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭའི་མནའ་འབྲེལ་བྱ་བའི་རྣམ་པ་ཆགས་པར་བྱས་ཏེ། ས་གནས་ཀྱི་ཏང་གི་སློབ་གྲྭའི་ཁྱད་ལྡན་སློབ་སྒྲུབ་ཀྱི་ཐབས་ལམ་གསར་བར་ཞུགས།

མཚོ་བྱང་ཁུལ་ཏང་ཨུ་ཡིས་རྫོང་སོ་སོའི་ཏང་ཨུ་དང་མཉམ་འབྲེལ་བྱས་ནས་ཏང་གི་སློབ་གྲྭ་སྒྲུབ་པ་དང་ཏང་གི་སློབ་གྲྭར་དོ་དམ་བྱེད་པ། ཏང་གི་སློབ་གྲྭ་འཛུགས་པའི་གཙོ་གཞིའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་སློབ་གྲྭའི་བྱ་བར་མཉམ་འཛིན་མཉམ་སྡོམ་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱས། མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མགོ་ཁྲིད་དེ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་དཀྱིལ་སྙིང་དུ་འཛིན་པ་དང་། རྫོང་བཞིའི་ཏང་གི་སློབ་གྲྭ་དང་གསོ་སྦྱོང་ལྟེ་གནས་སོ་སོ་གཞོགས་འདེགས་སུ་བྱས་པའི་དམར་པོའི་ཞིབ་སློབ་གཡུལ་ས་བཙུགས་པ་དང་། གཅིག་བསྡུས་སྒོས་ཁུལ་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ153བདམས་ནས་མཚོ་བྱང་གི་དམར་པོའི་ཞིབ་སློབ་ཀྱི་དགེ་རྒན་མཛོད་བཙུགས། མཚོ་བྱང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭས་ཏང་གི་གཞུང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོ། ནུས་པ་གསོ་སྦྱོང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་གཙོར་བྱས་པའི་སློབ་ཁྲིད་མ་ལག་ཆེན་པོ་བཞི་བཙུགས་པ་དང་། ཆེད་དོན་སློབ་ཁྲིད96བཙུགས་པར་མ་ཟད། རྫོང་རིམ་པའི་ཏང་གི་སློབ་གྲྭ་དང་མཉམ་དུ་ཁུལ་ཡོངས་ཀྱི་དམར་པོའི་ཞིབ་སློབ་ཡུལ་གནས31ནས་ཡུལ་དངོས་སློབ་ཁྲིད་བྱས། ཁུལ་རྫོང་གི་ཏང་གི་སློབ་གྲྭས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་དང་སློབ་ཁྲིད་གསར་བའི་གསར་སྤེལ་དཔུང་སྡེ་བཙུགས་ནས། སློབ་ཁྲིད་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་མཉམ་འབྲེལ། ཤེས་ལྡན་མི་སྣའི་སྐྱེད་སྲིང་མཉམ་སྐུལ་གྱི་མཉམ་འཛུགས་མནའ་འབྲེལ་གྲུབ་པར་བྱས།

མཚོ་བྱང་གི་ཏང་གི་སློབ་གྲྭའི་མ་ལག་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་དམར་པོའི་ཞིབ་སློབ་ཀྱི་ལམ་བུ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་པ་དང་། གཞི་རྩའི་གསོ་སྦྱོང་གི་སྣེ་ཁྲིད་གསར་བ་དང་སྒོ་འབྱེད་སློབ་སྒྲུབ་ཀྱི་སྒུལ་ནུས་གསར་བའི་བྱ་བའི་རྣམ་པ་ཕྱོགས་ཡོངས་ནས་གྲུབ་པར་བྱས། ད་ལོ་ནས་བཟུང་།  མཚོ་བྱང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭས་བསྡོམས་པས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བ། ལས་རིགས་མི་འདྲ་བའི་གསོ་སྦྱོང་འཛིན་གྲྭ་སྐབས332བསྒྲུབས་པ་དང་། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཁྲི1.8ལ་སླེབས། གཞི་རྩའི་གསོ་སྦྱོང་དང་སྒོ་འབྱེད་སློབ་སྒྲུབ་ཀྱི་འཛིན་གྲྭ་སྒྲུབ་ཚད་སོ་སོར་སྐབས40དང་སྐབས77ལ་སླེབས་པ་དང་། རྫོང་བཞིའི་ཏང་གི་སློབ་གྲྭའི་གཞི་རྩའི་གསོ་སྦྱོང་སྐབས82དང་སྒོ་འབྱེད་སློབ་གྲྭའི་འཛིན་གྲྭ་སྐབས133བསྒྲུབས་ནས། མཚོ་བྱང་གི་ཞིང་ཆེན་ཕྱི་ནང་ལ་ཁ་ཕྱོགས་པའི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་སྤེལ་བ་དང་། དམར་པོའི་ཞིབ་སློབ་གཉིས་མཉམ་བསྲེས་མཉམ་སྐུལ་བྱེད་པའི་དམར་པོའི་ཚོང་རྟགས་གྲུབ་པར་བྱས།  །

བདེ་ལེགས་མཚོ་ཡིས་བསྒྱུར།


མཉམ་སྤྱོད།