དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

2025ལོའི་མེ་འཁོར་སྤ་སེ་འཚོང་མགོ་ཚུགས་འདུག

2024-12-20 10:03:27   |   44

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོའི་མེ་འཁོར་སྤ་སེ་ཟླ12པའི་ཚེས18ཉིན་ནས་འཚོང་མགོ་ཚུགས་པ་དང་། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་མེ་འཁོར་སྤ་སེ་ཟླ12ཚེས31ཉིན་ནས་འཚོང་རྒྱུ་ཡིན་པ་རེད།

图片1.jpg

མེ་འཁོར་སྤ་སེ་ཉོ་བའི་དུས་ཚོད་ཀྱི་དྲན་སྐུལ། ལྕགས་ལམ12306Appདྲ་ངོས་ཁ་ཕྱེ་ནས་ཟླ་ཚེས་འདེམས་པ་དང་། དེ་ནས་སྤ་སེ་ཉོ་བའི་ཟླ་ཚེས་འདེམས་པ། དེའི་རྗེས“དྲན་སྐུལ”མནན་ནས“སྔོན་མངག་དྲན་སྐུལ”ངོས་ནས“རྡོག་ཐོན་རླངས་འཁོར་ས་ཚུགས”འདེམས་པ།  དེའི་རྗེས“དྲན་སྐུལ་སྣོན་པ”ཞེས་པ་གནོན་དགོས།

图片2.jpg

སྤ་སེ་ཉོ་བའི་ཆ་འཕྲིན་སྔོན་འབྲི་བྱེད་སྟངས། སྤ་སེ་འཚོང་མགོ་ཚུགས་པའི་ཉིན་དེར། སྔོན་ལ་མེ་འཁོར་ནང་སྡོད་མཁན་དང་། མེ་འཁོར་ཐེངས་གྲངས། བཞུགས་གྲལ་སོགས་ཀྱི་ཆ་འཕྲིན་སྔོན་འབྲི་བྱེད་དགོས་པ་དང་། སྤ་སེ་དངོས་སུ་འཚོང་མགོ་ཚུགས་སྐབས་མངག་ཐོ་ཐད་ཀར་སྤྲད་ན་ཆོག

图片3.jpg

རྗེས་སྣོན་སྤ་སེ་ཉོ་སྟངས། འགྲུལ་པ་མི་རེ་ངོ་རེར་དངོས་མིན་རྗེས་སྣོན་མངག་ཐོ6རེ་ཡོད་པ་དང་། རྗེས་སྣོན་མངགས་ཐོ་རེར་མང་ཤོས་སུ་རླངས་འཁོར་ནང་སྡོད་པའི་ཟླ་ཚེས3འདེམས་ཆོག་པ་དང་། རྗེས་སྣོན་གྱི་སྤྱིའི་ཁ་གྲངས་རླངས་འཁོར་ཐེངས་གྲངས60ལས་བརྒལ་མི་ཆོག་པ་བཅས་རེད།

图片4.jpg

སྡོད་ས་འདེམས་པ། འགྲུལ་པས་ལྕགས་ལམ12306དྲ་ཚུགས་སམ་ཡང་ན་ལྕགས་ལམ12306Appབརྒྱུད་དེ་མྱུར་བགྲོད་ལྕགས་ལམ་མམ་ཡང་ན་ཤུགས་འགྲེམས་མེ་འཁོར་གྱི་སྤ་སེ་ཉོ་སྐབས། སྤ་སེ་ཉོ་བའི་ཆ་འཕྲིན་དྲ་ངོས་ཐོག“སྡོད་ས་འདེམས་པའི་ཞབས་ཞུ”བརྒྱུད་སྡོད་ས་འདེམས་ཆོག དོ་སྣང་བྱེད་དགོས་པ་ཞིག་ལ། གལ་ཏེ་སྡོད་ས་ལྷག་མས་སྡོད་ས་འདེམས་པའི་དགོས་མཁོ་སྐོང་མི་ཐུབ་ན། དྲ་བའི་མ་ལག་གིས་རང་འགུལ་གྱིས་ཁྱོད་ལ་སྡོད་ས་བགོ་ངེས།

图片5.jpg

སྤ་སེ་མངག་ཉོའི་ཆེད་མངག་ཁུལ་བེད་སྤྱོད་གཏོང་མགོ་ཚུགས་པ།

ཟླ12པའི་ཚེས15ཉིན་ནས་བཟུང་། ལྕགས་ལམ12306གི་ལག་ཐོགས་ཁ་པར་གྱི་མགྲོན་སྣེ་ཐོག  འགྲུལ་པས་ཆེད་མངག་ཁུལ་བརྒྱུད་དེ2025ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གི་ཕར་འགྲོ་ཚུར་འོང་གི་སྤ་སེ་མངག་ཉོ་བྱེད་ཆོག་པས། དེས་གཙོ་གནད་ཚོགས་སྤྱིའི་དཔྱིད་གསར་སྐྱེལ་འདྲེན་རིང་གི་འགྲོ་སྐྱོད་ལ་སྟབས་བདེ་སྔར་བས་ཆེ་བ་བསྐྲུན་ཡོད།

ཞིབ་ཕྲའི་བཀོལ་སྤྱོད་བྱེད་སྟངས་གཤམ་གྱི་པར་རིས་འདིར་གཟིགས་རོགས།

图片6.jpg


མཉམ་སྤྱོད།