དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདའ་བཞི་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཡོང་རྒྱུར་སྣེ་ཁྲིད་བྱེད་པ།

2024-12-20 10:16:12   |   172

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཁ་གསལ་བཏོན་པའི“གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི”བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་བདེ་འཇགས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི“ལས་དོན་ཆེན་པོ་གསུམ”ཡག་པོ་བསྒྲུབས་ནས། ཏང་གི་རྩ་འཛུགས་ཀྱི་གསོན་ཤུགས་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དེ་གྲོང་གསེབ་དར་སྤེལ་ཀྱི་བྱ་སྤྱོད་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ཏེ། དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གོང་འཕེལ་གྱི་གསོན་ཉམས་དོད་པའི་དོན་དངོས་ཀྱི་དཔེ་རིས་ཤིག་བཀོད་ཡོད། 

ཏང་འཛུགས་སྐྱོང་གི“ཐོན་ལས་ཀྱི་ཐབས་ལམ”རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་དཔལ་འབྱོར“གསོན་ཤུགས་ལྡན་པར”སྐུལ་འདེད་བཏང་། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་སྲིད་གཞུང་གིས་སྐུལ་འདེད། སྡེ་དམངས་གཙོ་བོ། སྤྱི་ཚོགས་ཀྱིས་མཐུན་སྦྱོར”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྡེ་དམངས་གཙོ་བོའི་རང་བཞིན་དང་གྲོང་ཚོ་མཉམ་སྡེབ་ཀྱི་གཙོ་ཁྲིད་རང་བཞིན་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དང་སྡེ་དམངས་ཀྱི་ཡོང་འབབ་འཕར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ས་གནས་རང་གི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཚོ་ཁུངས་དང་རི་མཚོའི་གནས་ཚུལ་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཐོན་རྫས་ཀྱི་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཁྲིད་སྟོན་བྱེད་པ། ཚོད་མ་དང་ནས་སྡེབ་སྒྲིག ཚགས་ཤའི་ཁུ་བ་སོགས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱེད་པ། ཞ་ཧྭ་འབྲི་གཡག་ཆུང་གྲས་དང་། ཁུའུ་ཁུ་ནུར། ཆིང་ཧུའུ་ཡོན་སོགས་ཁེ་ལས5ཡི་ཐོན་རྫས་སྣ་ཁ29“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར”སྤུས་ལེགས་མཛོད་ཁང་ནང་བདམས་པ་དང་། རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད60%ཡན་ཟིན་ཡོད། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་རྒྱ་ཆེའི་སྡེ་དམངས་ཚོའི་ཡོང་འབབ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ་རེད། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ལས་གཞི་དང་ནོར་ལུག་ཁྲི་སྟོང་གསོ་སྤེལ་འཆར་གཞིར་དམིགས་ཏེ། ཚད་གཞི་མཐོ་པོས་ཕྱུགས་ལས་ཚོགས་འདུས་ཅན་གྱི་འཕེལ་རྒྱས་རྒྱུད་བཏོད་ནས་བ་གླང་དང་ལུག འབྲི་གཡག་ཉོ་ཚོང་སོགས་ཕྱུགས་ལས་ཐོན་ལས་རྟེན་གཞི58བཀོད་སྒྲིག་ཡག་པོ་བྱས་པ་དང་། ནོར་སྲིད་ཀྱི་བྱ་དགའི་མ་དངུལ་སྒོར་ཁྲི450བཙུགས་པ། “ཁ་ཕྱོགས་གཏན་འཁེལ་གྱིས་ཉོ་སྒྲུབ་དང་ཉོ་སྒྲུབ་ཀྱིས་ཞལ་འདེབས་ཀྱི་ཚབ་བྱེད་པ། ཉོ་སྒྲུབ་ཀྱིས་རོགས་རམ་བྱེད་པ”སོགས་ཀྱི་བྱེད་ཐབས་བརྒྱུད་ནོར་ལུག་བཤས་ཁོངས་སུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ནོར་ལུག་བཤས་གཏོང་ཚད་དང་ཕྱིར་འཚོང་གྲངས་འབོར། ཕྱིར་འཚོང་རིན་གོང་བཅས་མཐོ་རུ་བཏང་ཞིང་། མིག་སྔར་ནོར་ལུག་ཁྲི33.37བཤས་ཁོངས་སུ་བཏང་བར་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར5.72ཟིན་ཡོད་པ་རེད།

ཏང་འཛུགས་སྐྱོང་གི“སྐྱེ་ཁམས་སྣེ་ཁྲིད”བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་། གྲོང་གསེབ་ཀྱི་རང་བྱུང་ཁྱད་ཆོས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཙུགས་ཏེ། གྲོང་གསེབ་འཕེལ་རྒྱས་དང་འཚམ་པའི་སྐྱེ་ཁམས་འཛུགས་སྐྱོང་གི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། གནས་སྡོད་དང་འཚམ་པའི་གྲོང་གསེབ་གསར་སྐྲུན་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས། ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཉམ་ལས་མ་ལག་བསྐྲུན་ནས“མི་སྣ་ལྔ་གཅིག་སྒྲིལ”གྱི་སྐྱེ་ཁམས་དོ་དམ་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཙང་པོ་དང་མཚེའུ་ཡི་དོ་དམ་ལམ་ལུགས་དང་ནགས(རྩྭ)དཔོན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།“རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་བའི་མཉམ་འགུལ་དོ་དམ་བཀོལ་སྤྱོད་མ་ལག”ཕྱོགས་བསྡུས་ངང་སྤྱོད་པ། ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་བདག་སྐྱོང་བ237གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་པ། དྲ་མིག་ཧྲིལ་པོ་དང་རྒྱུན་རྣམ་ཅན། ཁུག་ཀྱོག་མེད་པ་བཅས་ཀྱི་སྐོར་སྲུང་ལས་དོན་སྤེལ་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་སྐྱེ་ཁམས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱ་རྒྱུ་རེད། ས་ཁོངས་ཀྱི་སྐྱེ་ཁམས་ཐོན་ཁུངས་བསྡུ་སྒྲིལ་དང་ཕན་གསབ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་དཔེ་སྟོན་ནུས་པ་ཆེ་བའི་ཁྱད་ལྡན་ས་ཁུལ་གཏོད་པ་དང་ལས་གཞི་བྱེ་བརྟན། མི་ཐབས་ནགས་གསོ། རི་རྒྱ་ནགས་གསོ། གྲོང་ཁྱེར་དང་གྲོང་རྡལ་སྔོ་འགྱུར་སོགས་རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ།“བྱང་གསུམ”གྱི་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བཅས་བྱས་ཏེ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་གྲོང་གསེབ་དར་རྒྱས་ལ་ལྗང་མདོག་གི་སྒུལ་ཤུགས་བསྣན་ཡོད།

ཏང་འཛུགས་སྐྱོང་གི“ཤེས་ལྡན་མི་སྣའི་སྟོབས་ཤུགས”གཅིག་ཏུ་བསྡུས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་། “འདྲེན་གསོ་ཉར་སྤྱོད”ཀྱི་ལྷུ་ཚིགས་ཧྲིལ་པོར་དམ་འཛིན་བྱས་ཏེ་ཕྱོགས་མང་ནང་འདྲེན་དང་སྐྱེད་སྲིང་ཞིབ་ཚགས། ཚན་རིག་དང་མཐུན་པའི་དོ་དམ། བེད་སྤྱོད་ལུགས་མཐུན་བཅས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་འབྲེལ་ཐག་བཏོད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་ནང་འདྲེན་དང་། སྲིད་ཇུས་གསར་གཏོད། གདེང་འཇོག་ལམ་སྲོལ་སྒྱུར་བཅོས། ཁོར་ཡུག་ལེགས་གཏོང་སོགས་ཀྱི་ཐད་ནས་ཤེས་ལྡན་མི་སྣའི་ལས་དོན་གྱི་སྲིད་ཇུས་འདེགས་སྐྱོར་དང་ཞིབ་ཕྲའི་ཕྱོགས་སྟོན་ཁག19བཏོན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ནུས་པ་ཕུལ་བྱུང་། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད། དམིགས་ཚད་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི“རྒྱབ་སྐྱོར་གསུམ”གྱི་ཤེས་ལྡན་མི་སྣ156འོས་སྦྱོར་བྱས་པ་དང་ལག་རྩལ་གསར་གཏོད་དང་། གཞི་རིམ་ལ་ཞབས་ཞུ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལྟེ་བར་བྱས་པ། གྲོང་ཚོའི་ལས་བྱེད་པའི་སློབ་རྒྱུས་བྱང་ཚད་མཐོར་གཏོང་འདུ་འགོད་ལག་བསྟར་དོན་འཁྱོལ་བྱས་པ།“བྱང་ཚད་མཐོ་བའི་ཞིང་འབྲོག་པ་གསོ་སྐྱོང་བྱེད་པ”སོགས་ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ལ་སྐུལ་འདེད་བཏང་བ། རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣས་གྲོང་གསེབ་དར་སྤེལ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཁྲིད་སྟོན་བྱས་པ། ཐོན་ལས་རིམ་སྤོར་དང་། སྣོད་བཅུད་སྲུང་སྐྱོང་། རིག་གནས་རྒྱུན་འཛིན་སོགས་ཀྱི་རྣམ་གྲངས་ནང་ཞུགས་པ། གྲོང་ཚོའི་ལས་བྱེད་པ30ཡི་སློབ་རྒྱུས་བྱང་ཚད་མཐོ་རུ་བཏང་བ་བཅས་བྱས་པས་རྫོང་་ཡོངས་ཀྱི་གྲོང་ཚོ་རིམ་པའི་ཕྱུག་འགྱུར་སྣེ་ཁྲིད་པ70ལྷག་ཟིན་ཡོད་པ་རེད། ལྕག་སྐུལ་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྫོང་རིམ་པའི“ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ”བཙུགས་ནས་ལོ་ལྟར་སྒོར་ཁྲི50ཡི་ཚད་གཞི་དེ་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་འབྲེལ་འགུལ་རྣམ་འཕར་བའི་ལམ་སྲོལ་བཙུགས་ཏེ། ཤེས་ལྡན་མི་སྣའི་ལས་དོན་གྱི་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱས་ནས་གྲོང་གསེབ་དར་སྤེལ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན་ཡོད།


མཉམ་སྤྱོད།