དེ་རིང་ནི2025ལོའི་ཟླ03པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་བ་ཡན་ཐ་རྒྱ་སྡེ་བའི་ལོ་བརྒྱའི་བོད་གྲོང་གི་རྣམ་པ་གསར་པ།

2024-12-25 10:02:30   |   494

རྩོམ་སྒྲིག་པ། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོའི་ཟླ12ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59ཡི་སྟེང་། ཅི་ཧྲི་རི་བོའི་ས་ཡོམ་རིམ་པ6.2བརྒྱབ་པ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་དང་། བ་ཡན་རྫོང་། ཡ་རྫི་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ42གྱི་མང་ཚོགས་ཁྲི16.12ལ་གནོད་པ་ཐེབས། དུས་དེར་ཡོམ་ཁུངས་དང་ལེ་དབར30མཚམས་ན་ཡོད་པའི་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་ཐ་རྒྱ་བོད་རིགས་ཡུལ་ཚོའི་སྡེ་བ་ཁག་ཅིག་གི་འགྲོ་ལམ་དང་ཁང་པ། རྨང་གཞི་སྒྲིག་ཆས་བཅས་ལ་གཏོར་བརླག་ཐེབས། ལོ་གཅིག་རིང་ལ་བསྐྱར་བསྐྲུན་བྱས་རྗེས། གནོད་པ་ཐེབས་པའི་ཐ་རྒྱ་རུ་སྡེ་དང་པོའི་ཁྱིམ་ཚང84ཡི་ཁང་པ་དང་ཐ་རྒྱ་རུ་སྡེ་གཉིས་པའི་ཁྱིམ་ཚང95ཡི་ཁང་པ་ཞིག་གསོ་དང་། སྲ་བརྟན། ཡང་ན་བསྐྱར་སྐྲུན་ལ་སོགས་བྱས་ནས་ད་ལྟ་རྩིས་ལེན་ཐོབ་ཚར།

1.png

ལོ་གཅིག་གི་དུས་ཚོད་ནང་ཁང་པ་གསར་པར་རྒྱན་སྤུད་པ་དང་། ཁང་པ་རྙིང་པ་སྲ་བརྟན་བཏང་ནས་མཐར་ང་ཚོའི་སེམས་དྲོ་བའི་ཁང་པ་འདིར་སྡོད་ཐུབ་ཡོད། ཅེས་ཟླ12ཚེས17ཉིན། ངེད་དྲ་བ་ཐ་རྒྱ་སྡེ་བ་གཉིས་པའི་སངས་རྒྱས་ཚེ་བརྟན་ཚང་ལ་བསྐྱོད་དེ་ཡོམ་རྗེས་བསྐྱར་བསྐྲུན་རྗེས་ཀྱི་འགྱུར་ལྡོག་ཕྱོགས་ལ་བཅར་འདྲི་བྱས་པ་ཡིན།

2.jpg

ཉིས་ཐོག་ཅན་གྱི་སྒོ་ར་གྲུ་བཞི་ཡི་བོད་ལུགས་ཁང་པ་ཡི་འོག་ཁང་དུ་ཟོག་ཁང་ཡོད་པ་མ་གཏོགས། ད་དུང་གཟན་ཆས། རྡོ་སོལ་འཇོག་སའང་རེད། སྟེང་ཁང་དུ་ནང་མི་སྡོད་ས་རེད། སྐས་སྒམ་འཛེག་སྟེ་ཉིས་ཐོག་ཏུ་སོང་བ་ན། རྒྱུ་ཆ་ཡོངས་ཤིང་ཆ་ཁོ་ནས་བཟོས་པ་ཡིན་ཞིང་། ཤིང་ལ་བོད་ལུགས་ཀྱི་རི་མོ་ཞིབ་ཚགས་བརྐོས་པ་ཧ་ཅང་སྤུས་ལེགས་ལ་གྲལ་དག་པའི་ཁང་པ་ཡོད། ལོ་གཅིག་གི་རིང་ལ། རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཚན་གྱི་རོགས་རེས་འོག ཁང་རྙིང་ལ་ཆུ་ཐིགས་འགོག་པ་ནས་རྡོ་གཅལ་གསར་པ་བཀྲམས་པའི་བར་དང་། རྩིག་ངོས་སྲ་བརྟན་གཏང་བ་ནས་སྒོ་དང་སྒེའུ་ཁུང་ཞིག་གསོའི་བར་དུ་འཚོ་བ་གསར་པ་ཞིག་དང་རྣམ་པ་གསར་པ་ཞིག་སྡེ་མི་རྣམས་ཀྱི་མདུན་དུ་ངོམ་པ་རེད། ཅེས་ཏང་ཡོན་རྒན་པ་རིན་ཆེན་མཁའ་འགྲོས་དགའ་སྤྲོ་དང་བཅས་བརྗོད་བྱུང་།

3.jpg

ཐ་རྒྱ་བོད་རིགས་ཡུལ་ཚོའི་ཐ་རྒྱ་རུ་སྡེ་དང་པོ་དང་གཉིས་པ་ནི་རྒྱབ་རི་ལ་བརྟེན་ནས་བོད་ཁང་རྣམས་སྐས་རིམ་གྱི་རྣམ་པས་ཆགས་ཡོད་ཅིང་། དེར་ལྷིང་འཇགས་ཡིན་ལ་གནའ་བོའི་བཀོད་པས་ཡོངས་སུ་ཕྱུག རྒྱུས་ལོན་པ་ལྟར་ན། ཐ་རྒྱ་རུ་སྡེ་དང་པོ་དང་གཉིས་པར་ལོ་ངོ་བརྒྱ་ལྷག་འགོར་བའི་སྲོལ་རྒྱུན་གྱི་ཁང་པ13ཡོད་པ་རེད། 2017ལོར་གྲོང་ཚོ་གཉིས་ལ་ཀྲུང་གོའི་མི་རིགས་གྲངས་ཉུང་གི་སྐོར་ཁག་གཉིས་པའི་ཁྱད་ཆོས་ལྡན་པའི་ཞིང་སྡེ་ཞེས་པའི་མཚན་སྙན་གནང་བ་དང་། 2023ལོར་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་གྱི་མིང་བྱང་སྐོར་དང་པོར་བདམས།

4.jpg


མཉམ་སྤྱོད།