དེ་རིང་ནི2025ལོའི་ཟླ03པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་རྩིས་འཁོར་རིམ་པའི་རྒྱུགས་གཞིར་མིང་ཐོ་འགོད་པའི་བརྡ་ཐོ།

2024-12-25 10:23:47   |   458

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


སློབ་གསོ་པུ་སློབ་གསོ་རྒྱུགས་ལེན་གླིང་གི2025ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་རྩིས་འཁོར་རིམ་པའི་རྒྱུགས་གཞིའི་མིང་ཐོ་འགོད་པའི་འབྲེལ་ཡོད་ལས་དོན་ལེགས་པོར་བསྒྲུབ་པའི་ཐད་ཀྱི་བརྡ་ཐོ》(སློབ་གསོ་རྒྱུགས་ལེན་ཁང་གི་འཕྲིན་ཨང〔2024〕110)པའི་བླང་བྱ་གཞིར་བཟུང་སྟེ། རང་ཞིང་གི2025ལོའི་ལོ་སྟོད་ཀྱི(ཐེངས75པ)རྒྱལ་ཡོངས་ཀྱི་རྩིས་འཁོར་རིམ་པའི་རྒྱུགས་གཞི(NCRE)ལ་མིང་ཐོ་འགོད་པའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།

1.མིང་ཐོ་འགོད་པའི་དུས་ཚོད། 2024ལོའི་ཟླ12ཚེས27—ཟླ12ཚེས30ཉིན།

2.གྲོན་དངུལ་སྤྲོད་པའི་དུས་ཚོད། 2024ལོའི་ཟླ12ཚེས27—ཟླ12ཚེས31ཉིན།

3.རྒྱུགས་ལེན་དུས་ཚོད། 2025ལོའི་ཟླ3པའི་ཚེས29—ཚེས30ཉིན་བར།

4.རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད། 2025ལོའི་ཟླ12ཚེས22—ཚེས28ཉིན།

5.རྒྱུགས་འབྲས་ཁྱབ་སྒྲོག་དུས་ཚོད། ཡིག་རྒྱུགས་རྗེས་ནས་ཟླ་གཉིས་འགོར་རྗེས་ཁྱབ་སྒྲོག་བྱ་རྒྱུ།

6.རྒྱུགས་འབྲས་དང་དཔང་ཡིག་གི་ཆ་འཕྲིན་འདྲི་ཡུལ། སློབ་གསོ་པུ་སློབ་གསོ་རྒྱུགས་ལེན་གླིང་གི་ཕྱོགས་བསྡུས་དྲ་ཚིགས(https://www.neea.edu.cn)བརྒྱུད་ནས་རྒྱུས་ལོན་བྱ་དགོས།

7.བློ་འདྲི་ཡུལ།

图片1.png


མཉམ་སྤྱོད།