དེ་རིང་ནི2025ལོའི་ཟླ03པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞིའི་སྐམས་ཤ་སྤྱི་རྒྱ་ཁྲི5ཧྲན་ཏུང་ལ་སྐྱེལ།

2024-12-26 16:06:14   |   366

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་ཟླ12པའི་ཚེས26ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།  མདའ་བཞི་ནུབ་མཚོ་ཞིང་འབྲོག་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་དང་། ཅིན་ཧོ་བོད་སྨན་(ཧྲན་ཏུང)བདེ་ཐང་ཐོན་ལས་ཚད་ཡོད་སྤྱི་གཉེར།  བོན་གྱཱ་འབྲོག་རའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅས་ཀྱིས་སྒྲུབ་འགན་བྱས་པའི་སྐམས་ཤ་མགོ་གྲངས་ཁྲི་ཡིས་མདའ་བཞིའི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་རྒྱལ་ཡོངས་སུ་བསྐྱོད་རྒྱུར་རོགས་རམ་བྱེད་པ་དང་། ཐེངས་དང་པོའི་མངགས་ཐོ་སྟེ་སྤྱི་རྒྱ་ཁྲི5ཅན་གྱི་སྐམས་ཤའི་ཐོན་རྫས་ཧྲན་ཏུང་དུ་སྐྱེལ་འདྲེན་བྱེད་པའི་བྱེད་སྒོ་འཚོགས། འདི་ནི་མདའ་བཞི་རྫོང་གིས་ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།     

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྦྲག་སྲིད་ཆེད་གཏོང་གནམ་གྲུ་སྤྱད་ནས་ཚོང་ཟོག་སྐྱེལ་བ་དང་། དེ་ནི་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་པ་དང་འཛད་སྤྱོད་པར་འགན་འཁུར་བའི་ཆེད་དུའང་ཡིན། སྐྱེལ་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་གྲང་སྦྲེལ་སྐྱེལ་འདྲེན་གྱི་ལྟ་རྟོག་ཚོད་འཛིན་བྱས་ཤིང་། སྔོན་ཐོན་གྱི་ལག་རྩལ་བྱ་ཐབས་སྤྱད་དེ་སྐམས་ཤ་དག་གཙང་ཞིང་བདེ་འཇགས་ངང་ཁྲོམ་རར་ཐད་ཀར་སྐྱེལ་ཏེ། འཛད་སྤྱོད་པར་མཚོ་སྔོན་གྱི་སྐམས་ཤའི་བྲོ་བ་ངོ་མ་མྱོང་ཐུབ་པར་བྱས།

ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་སྔ་ཕྱི་བར་གསུམ་དུ་ལྗང་མདོག་དང་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་མགོ་རྩོམ་ས་ཞིག་ཏུ་བརྩིས་ཏེ། “སྐྱེ་ཁམས་ཅན་གྱི་རྫོང་འཛུགས་པ་དང་། ཐོན་ལས་སྟོབས་ཆེའི་རྫོང་འཛུགས་པའི”འཐབ་ཇུས་དམིགས་ཚད་ལ་དམིགས་ནས། བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད། ད་ཐེངས་ཀྱི་བྱེད་སྒོ་ནི་ཅིན་ཧོ་བོད་སྨན་(ཧྲན་ཏུང)བདེ་ཐང་ཐོན་ལས་ཚད་ཡོད་སྤྱི་གཉེར་དང་བོན་གྱཱ་འབྲོག་ར་དབར་གྱི་མཉམ་ལས་གཏིང་ཟབ་ཅིག་དང་སྲིད་གཞུང་དང་ཁེ་ལས་ལག་གདང་སྦྲེལ་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ཁེ་ལས་དབར་མཉམ་ལས་བྱས་པ་དེས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་བྱེད་པ་མངོན་འགྱུར་བྱུང་ཡོད།    ཅིན་ཧོ་བོད་སྨན་(ཧྲན་ཏུང་)བདེ་ཐང་ཐོན་ལས་ཚད་ཡོད་སྤྱི་གཉེར་གྱིས་ཁྲོམ་ར་ཁྱབ་གདལ་དང་སྤུས་རྟགས་ལ་བརྟེན་ནས་མཚོ་སྔོན་གྱི་སྐམས་ཤ་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་པའི་སྒོ་ཆེན་ཕྱེས་པས། ཐོན་རྫས་ཀྱི་ཁྲོམ་རའི་ཤུགས་རྐྱེན་དང་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ལ། དེ་ཡི་བརྟན་ལྷིང་གི་ཉོ་སྒྲུབ་ལམ་སྲོལ་དང་། མཉམ་ལས་ཁང་གི་ཁེ་སྤོགས་བགོ་སྟངས། རོགས་སྐྱོར་བྱེད་ཐབས་བཅས་ནི་གྲོང་གསེབ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་དུ་གྱུར་ཡོད།   


མཉམ་སྤྱོད།