དེ་རིང་ནི2025ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས“ཁྱིམ་ཚང་ཡག་ཤོས”ཁྲི38གསོ་སྐྱོང་བྱས་པས་དཔལ་ཡོན་འཛུགས་སྐྱོང་ཐད་རྣམ་པ་གསར་པ་མངོན་པ།

2024-12-26 16:50:39   |   345

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱིས“ཁྱིམ་ཚང་ཚང་མར་བདེ་སྐྱིད་བདེ་ཐང་གི་ལས་གྲྭ”མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། བུད་མེད་དང་ཁྱིམ་ཚང་གི་ཁོངས་མི་རྣམས་བདེ་འཇགས་ཁྱིམ་ཚང་དང་ལྗང་མདོག་ཁྱིམ་ཚང་། སྤྱོད་གཙང་ཁྱིམ་ཚང་སོགས་དཔལ་ཡོན་ཁྱིམ་ཚང་འཛུགས་པར་ཧུར་བརྩོན་ཆེན་པོས་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ། “ཁྱིམ་ཚང་ཡག་ཤོས”དུད་ཚང་ཁྲི38གསོ་སྐྱོང་བྱས་པ་དང་།“མནའ་མ་བཟང་པོ་དང་སྒྱུག་མོ་བཟང་པོ”ཁག་གཅིག་བདམས་ནས་ཁྱིམ་ཚང་གི་སྤྱོད་ཚུལ་བཟང་པོ་སྤྱད་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་བཟང་པོ་སྤེལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཆེའི་ཁྱིམ་ཚང་དུ་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག“དྭངས་གཙང་ཁྱིམ་སྲོལ་གྱི་མིག་དཔེ་བཟང་པོ”དང“སྲོལ་བཟང་བོ་ཁྱིམ་ཚང་མང་བོར་ཁྱབ་པ”སོགས་སྤྱོད་གཙང་དར་སྤེལ་དང་སྤྱོད་གཙང་རོགས་རམ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཁྱིམ་ཚང་ཁོངས་མིའི་དབང་ཆའི་ལྟ་བ་དང་ཁེ་ཕན་ལྟ་བ། ཆབ་སྲིད་གྲུབ་འབྲས་ལྟ་བ་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་སུ་སྤྱོད་གཙང་དྲང་བདེན་དར་སྤེལ་ནུས་ལྡན་བྱས་ཏེ་སྤྱོད་གཙང་ཁྱིམ་སྲོལ་གསོ་སྐྱོང་བྱས།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“མཚོ་སྔོན་གྱི་ཨ་ཅེ·མཛེས་པའི་ཁྱིམ་ཚང་”ཞེས་པའི་དཔལ་ཡོན་གྱི་སྤྱོད་ཚུལ་གསར་པའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། བུད་མེད་མང་ཚོགས་ཀྱིས་མཐོང་ཐོས་དགའ་བའི་བྱ་ཐབས་སྤྱད་དེ་གོམས་སྲོལ་འགྱུར་ལྡོག་དང་གཉེན་སྒྲིག་བུ་བཙའི་སྤྱོད་ཚུལ་གསར་པ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་སྤྱོད་ཚུལ་དང་། ཁྱིམ་ཚང་གི་སྲོལ་བཟང་། བབ་ཆགས་ཀྱི་དམངས་སྲོལ་བཅས་གསོ་སྐྱོང་བྱས་པ་རེད། ཀུན་སྤྱོད་གསོ་སྐྱོང་དང་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ།《ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དང་སྐུལ་འདེད་གཏང་བའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི》འདོན་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ཆེན་རིམ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས206བསྐྲུན་པ་དང་། ཁྱིམ་ཚང་སློབ་གསོའི་རྐང་འཛིན3000ལྷག་ཙམ་གསོ་སྐྱོང་བྱས་ཤིང་། ཕ་མ་ཕྲུ་གུ་ལྟ་ཀློག་སོགས་བྱེད་སྒོ་ཐེངས་ཁྲི3ལྷག་ཙམ་གཉེར་བ་བཅས་བྱས་ནས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱོད་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག“གཙང་བོའི་མགོ་ཁུངས་ཀྱི་གཅེས་པའི་ཨ་མ”ཡིས་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་པ་རེད། མིག་སྔར“གཙང་མགོའི་གཅེས་པའི་ཨ་མ”3992དང་གཞིས་ལུས་དང་དཀའ་ངལ་ཡོད་པའི་བྱིས་པ4854ཟུང་འབྲེལ་བྱས་ནས་ཕྱོགས་ཁག་གི་གཅེས་སྐྱོང་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།


མཉམ་སྤྱོད།