དེ་རིང་ནི2025ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་ནས་སྐྱིད་རོང་། དེ་ནས་ཀ་ཏ་མན་རྡུ་བར་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་དབོར་འདྲེན་གྱི་མགོ་ཚུགས།

2024-12-27 10:40:33   |   388

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


1.gif

ཉེ་ཆར། ཟི་ལིང་ནས་སྐྱིད་རོང་དང་། དེ་ནས་ཀ་ཏ་མན་རྡུ་བར་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་བྱེད་མགོ་ཚུགས་པའི་མཛད་སྒོ་དེ་ཧྲོང་ཀྲའེ་འབབ་ཚུགས་སུ་གཉེར་བ་དང་། དེའི་ཐོག་ནས་མཚོ་བོད་ལྕགས་ལམ་གྱི་ཟོག་འདྲེན་དེ་རྒྱལ་སྤྱིའི་ཟོག་འདྲེན་མ་ལག་ནང་རྒྱ་སྐྱེད་བཏང་བ་དང་། ཨ་ཤེ་ཡའི་ལྷོ་ཕྱོགས་སུ་ཟོག་འདྲེན་ལམ་བུ་བཏོད་པའི་ཐད་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད།

2.png

ཟི་ལིང་ནས་སྐྱིད་རོང་དང་། དེ་ནས་ཀ་ཏ་མན་རྡུ་བར་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་དེ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་སྤྱི་གཉེར་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་མཉམ་འབྲེལ་ཐོག་བཏོད་པ་ཞིག་ཡིན། མེ་འཁོར་དེར་འཁོར་སྒམ12ཡོད་པ་དང་། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར24ཡོད། དངོས་ཟོག་དེ་དག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་བསྐྱལ་རྗེས། དེ་ནས་རླངས་འཁོར་གྱིས་སྐྱིད་རོང་འགག་སྒོ་བརྒྱུད་མཐར་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་དབོར་རྒྱུ་དང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ2800ལྷག་ཙམ་ཡོད།


མཉམ་སྤྱོད།