དེ་རིང་ནི2025ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

2024-12-27 14:52:51   |   550

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།   མདའ་བཞི་རྫོང་གིས་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་དང་ན་གཞོན་གྱི་བྱ་བར་བཏོན་པའི་དཔྱད་བརྗོད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། མཉམ་འབྲེལ་ལྷན་ཚོགས་ཀྱི་བསྡུ་རུབ་མཁན་ནམ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་ཨུའི་དྲིལ་སྒྲོག་པུའི་པུ་ཀྲང་མཱ་ཡན་ཕིང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། བསྡུ་རུབ་མཁན་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ།  རྫོང་སྤྱི་བདེ་ཅུའི་ཅུ་ཀྲང་གཞོན་པ་ཝང་ཁེ་ཆིན་གྱིས་ཚོགས་འདུར་མགོ་འཛིན་བྱས།

图片1.png

ཚོགས་འདུ་ལས《འཆར་གཞི》ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་བསམ་ཕྱོགས་གལ་ཆེན་དངོས་འབེབས་བྱས་པ་ཡིན་ལ། ན་གཞོན་རྣམས་འཚར་ལོང་གི་བརྒྱུད་རིམ་ཁྲོད་སྔར་ལས་ལེགས་པའི་གསར་གཏོད་དང་འཕེལ་རྒྱས་ཀྱི་བློ་ནུས་འདོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  འདས་པའི་ལོ་གཅིག་གི་ནང་།  ཁོངས་གཏོགས་ལས་ཁུངས་སོ་སོས་རྫོང་ཨུའི་བཀོད་སྒྲོག་སྣ་ཚོགས་དངོས་འབེབས་བྱས་ཤིང་། འགན་འཁྲི་དངོས་འབེབས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ན་གཞོན་འཕེལ་རྒྱས་ལ་འཚམ་པའི་སྲིད་ཇུས་ཀྱི་བྱེད་ཐབས་སོ་སོ་འཚོལ་ཞིབ་དང་ལག་བསྟར་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ན་གཞོན་གྱི་བསམ་བློ་ཀུན་སྤྱོད་དང་སློབ་གསོ། བདེ་ཐང་། གསར་གཏོད་སོགས་བྱ་བའི་ཐད་ཀྱི་ནུས་པ་ཇེ་མཐོར་བཏང་ནས《འཆར་གཞི》དངོས་འབེབས་ཁྲོད་དུས་རིམ་རང་བཞིན་གྱི་ཕན་འབྲས་ལེན་དགོས་པར་བསྟན། 

གྲོས་ཚོགས་ལས2025ལོ་ནི《འཆར་གཞི》ལག་བསྟར་གྱི་མཇུག་བསྡུའི་ལོ་དང་པོ་ཡིན་ལ། ང་ཚོ་འཆར་གཞི་དངོས་འབེབས་བྱེད་པའི་གནད་འགག་གི་དུས་རིམ་དུ་གནས་ཡོད་པས།  ང་ཚོས་ཕྱོགས་ཡོངས་གཅིག་གྱུར་དང་གཅིག་གྱུར་འཆར་འགོད་བྱེད་ཅིང་། ཁོངས་གཏོགས་ལས་ཁུངས་སོ་སོས་རང་འགུལ་ངང་ཆབ་སྲིད་ཀྱི་འགྲེངས་གནས་ཇེ་མཐོར་གཏོང་བ་དང་། ཏང་ལ་འགན་འཁུར་བ་དང་ན་གཞོན་ལ་འགན་འཁུར་བའི་འཐབ་ཇུས་ཀྱི་དམིགས་ཚད་ཇེ་མཐོར་བཏང་ནས།  དུས་རབས་གསར་བའི་ན་གཞོན་བྱ་བའི་དོན་སྙིང་གལ་ཆེན་ལ་ངེས་འཛིན་གཏིང་ཟབ་བྱེད་པ།  དུས་རབས་གསར་བའི་ན་གཞོན་བྱ་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ནུས་པ་ཇེ་དྲག་ཏུ་བཏང་ནས།  ན་གཞོན་གྱིས་སེམས་ཁྲལ་བྱེད་པའི་གནད་དོན་མངོན་གསལ་ཅན་མཐུན་སྦྱོར་དང་ཐག་གཅོད་གང་ཐུབ་བྱེད་པ། ལྷག་པར་དུ་ན་གཞོན་རྣམས་ཀྱིས་གཉེན་སྒྲིག་མི་བྱེད་པ་དང་གཉེན་སྒྲིག་གི་དུས་ཚོད་ཕྱིར་འགྱངས་བྱེད་པ་སོགས་ཀྱི་སེམས་ཁམས་གནད་དོན་གཞིར་བཟུང་ནས་ཞིབ་འཇུག་དང་དབྱེ་ཞིབ་བྱེད་ཅིང་།  

རྫོང་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་བསྡུ་རུབ་མཁན་གཞོན་པའམ་རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་མ་ཕེ་ཡོན་གྱིས་ན་གཞོན་མཉམ་འབྲེལ་གྲོས་ཚོགས་ཚུན་གྱི《མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་སོ་སོའི་རིང་གི་ན་གཞོན་འཕེལ་རྒྱས་ཀྱི་འཆར(འགོད(2018ནས2025ལོ)》དངོས་འབེབས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་།  རྫོང་སྤྱི་བདེ་ཅུ་དང་རྫོང་ཞིབ་དཔྱོད་ཁང་། རྫོང་སློབ་གསོ་ཅུ།  རྫོང་འཕྲོད་བསྟེན་བདེ་ཐང་ཅུ། མཁར་ཟུར་གསུམ་གྲོང་རྡལ་བཅས་ཀྱིས་མཉམ་དུ་གླེང་མོལ་བྱས།


མཉམ་སྤྱོད།