དེ་རིང་ནི2025ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་རྒྱལ་སྤྱི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་ཉི་ཤུ།

2025-01-02 11:45:38   |   330

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

图片1.png

དང་པོ། ཕ་རི་སིའི་ཨའོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ40དང་དངུལ་གྱི་རྟགས་མ27 ཟངས་ཀྱི་རྟགས་མ24བཅས་ཀྱི་ཐོག་ནས་མངའ་ཁོངས་ཕྱིར་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད་པ།

图片2.png

གཉིས་པ། ཀྲུང་གོའི་དབང་པོ་སྐྱོན་ཅན་ལུས་རྩལ་འཐུས་མི་ཚོགས་པས་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ཐོག་སྐབས་དྲུག་བསྟུད་མར་གསེར་གྱི་རྟགས་མའི་བང་གྲལ་དང་བྱ་དགའི་བང་གྲལ་གྱི་ཨང་དང་པོ་བླངས་པ།

图片3.png

གསུམ་པ། ཀྲེང་ཆིན་ཝུན་གྱིས་ཨའོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་བླངས་པ་དང་། ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་ལུས་རྩལ་ལ་བྱ་དགའ་མང་པོ་ཐོབ་པ།

图片4.png

བཞི་པ། ཕན་ཀྲན་ལེ་ཡིས་ལོ་གཅིག་གི་ནང་ཚུན་དུ་སྐྱེས་པའི་སྨི100ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་གྱི་འཛམ་གླིང་ཟིན་ཐོ་ཐེངས་གཉིས་བཏོད་པ།

图片5.png

ལྔ་པ། འཐུས་མི་ཚོགས་པ་སུམ་ཅུར་སྐབས་བཅུ་བཞི་པའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཐོག་བྱ་དགའ་ཐོབ་པ་དང་། ཀྲུང་གོའི་གངས་འཁྱགས་ལུས་རྩལ་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པ།

图片6.png

དྲུག་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་རྒྱལ་ཁའི་ངང་གཉེར་བ།

图片7.png

བདུན་པ། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སྤོ་ལོ་ཆེན་པོ་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ་དང་། འཇོན་ཐང་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་པར་སྣ་མང་ཅན་གྱི་འཕེལ་ཕྱོགས་མངོན་པ།

图片8.png

བརྒྱད་པ། ཐང་ཡའུ་བུམ་པའི་འགྲན་བསྡུར་ཁྲེན་ཏུར་གཉེར་བ་དང་། ཀྲུང་གོའི་བྱ་སྒྲོའི་སྤོའི་ལོའི་རུ་ཁག་གིས་ལོ་བཅུ་གཉིས་རྗེས་སླར་ཡང་ཨང་དང་པོ་གཉིས་བླངས་པ།

图片9.png

དགུ་པ། ཕིང་ཕང་སྤོ་ལོའི་སྐྱེས་པའི་ཚོགས་པས་ལོ་བཅུ་གཅིག་བསྟུད་མར་ཨང་དང་པོ་བླངས་པ་དང་། ཕིང་ཕང་སྤོ་ལོའི་བུད་མེད་ཚོགས་པས་ལོ་དྲུག་བསྟུད་མར་ཨང་དང་པོ་བླངས་ཤིང་། ཧྥུ་ཧྲན་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཐོག་ཀྲུང་གོའི་རུ་ཁག་གིས་རྒྱལ་ཁ་བརྩོན་ལེན་ཧུར་ཐག་བྱས་པ།

图片10.png

བཅུ་པ། ཀྲུང་གོའི་གཞི་རྒྱུ་དམར་པོས་ཕ་རི་སིའི་སྲང་ལམ་བརྒྱན་པར་བྱས་པ་དང་། སྤྱི་ཁྱབ་ལས་ཁུངས་ཀྱིས་ཨའོ་རྩལ་འགྲན་ཚོགས་བརྒྱུད་གཏོང་བྱེད་པའི་ལེའུ་གསར་པ་བརྩམས་པ་བཅས་སོ། །

རྒྱལ་སྤྱིའི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

图片11.png

དང་པོ། སའེ་ནཱ་ཆུ་བོའི་ཐོག་ཏུ་མགོ་ཚུགས་མཛད་སྒོ་འཚོགས་པ་དང་། ཕ་རི་སིའི་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་གང་སར་ཨའོ་རྩལ་འགྲན་ཚོགས་ཀྱི་རྣམ་པས་ཁྱབ་པར་བྱས།

图片12.png

གཉིས་པ། རྒྱལ་སྤྱིའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་གློག་རྡུལ་རྩལ་འགྲན་ཨའོ་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་རྒྱུའི་ཐག་བཅད།

图片13.png

གསུམ་པ། སྤྱི་ལོ2030ལོ་དང་སྤྱི་ལོ2034ལོའི་འགྲན་བསྡུར་ཆེན་པོ་བཞིའི་གཉེར་དབང་སུ་ལ་ཐོབ་མིན་ཁྱབ་བསྒྲགས་བྱས།

图片14.png

བཞི་པ། པ་ཧོ་ཡིས་འགན་གནས་བསྟུད་འཛིན་མི་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་སྤྱིའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞི་ཨང་བཅུ་པ་དེ་བསུ་རྒྱུ་ཡིན་པ།

图片15.png

ལྔ་པ། འཛམ་གླིང་ངར་སློང་སྨན་ཁབ་ངོ་རྒོལ་ཚན་པས་ཨ་རིའི་ངར་སློང་སྨན་ཁབ་ངོ་རྒོལ་ཚན་པ་ཡིས་བསྒྱུར་བཅོས་མཐར་ཕྱིན་པ་བྱ་རྒྱུའི་བླང་བྱ་བཏོན།

图片16.png

དྲུག་པ། ཚད་བརྒལ་ཟིན་ཐོ་བཏོད། བུད་མེད་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད་འཛམ་གླིང་གི་ཟིན་ཐོ་གཉིས་ཐོན་པ།

图片17.png

བདུན་པ། ནཱ་ཏར་གྱི་ཆེད་ལས་ལམ་བུ་མཇུག་འགྲིལ་བས། མིང་དུ་གྲགས་པའི་ཝང་ཆིའུ་སྤོ་ལོ་བ་ཞིག་ཆེད་ལས་དང་ཞལ་གྱེས་ཞུས།

图片18.png

བརྒྱད་པ། སི་ཕན་རུ་ཁག་གིས་ཡོ་རོབ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། ལོ་ཏེ་ལིར་གསེར་སྤོར་བྱ་དགའ་ཐོབ།

图片19.png

དགུ་པ། ཏུའུ་ཕུའུ་ལན་ཏི་སིས་ལོ་གཅིག་ནང་ཚུན་དུ་སྐྱེས་པའི་དབྱུག་ལྡེམ་མཐོ་མཆོང་འགྲན་བསྡུར་གྱི་འཛམ་གླིང་ཟིན་ཐོ་བཏོད།

图片20.png

བཅུ་པ། ཀྲན་མུའུ་སི་ཨ་རིའི་ཆེད་ལས་ལག་རྩེད་སྤོ་ལོའི་མནའ་འབྲེལ་གྱི་ལོ་རྒྱུས་ཐོག་སྐར་གྲངས་ཁྲི་བཞི་ལས་བརྒལ་བའི་ལུས་རྩལ་པ་ཐོག་མར་གྱུར།


མཉམ་སྤྱོད།