དེ་རིང་ནི2025ལོའི་ཟླ03པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དུ་རྒྱལ་ཁབ་ཀྱི3Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསུམ་གསར་དུ་བསྣན་པ།

2025-01-02 17:17:34   |   502

སྒྲིག་སྒྱུར།    སངས་དོན།   ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་།


123.jpg

ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས《གནས་སྐོར་མཛེས་ལྗོངས་ཁུལ12རྒྱལ་ཁབ་ཀྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་ཐད་ཀྱི་སྤྱི་བསྒྲགས》(མཚོ་སྔོན་རིག་གནས་གནས་སྐོར[2024] ཨང376པ)སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི《གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དབྱེ་བ་དང་དཔྱད་བསྡུར་གཏན་འབེབས》དང《གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱེད་ཐབས》ལྟར། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་རིག་གནས་དང་གནས་སྐོར་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་སྒྲིག་འཛུགས་བྱས་པ་མ་ཟད། 2024ལོའི་ཟླ12པའི་ཚེས26ཉིན་ཡོངས་བསྒྲགས་དུས་ཡུན་ལོངས་ནས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ12དེ་རྒྱལ་ཁབ་ཀྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས་པ་རེད། དེའི་ནང་། མཚོ་བྱང་ཁུལ་འཇུ་ལག་རྫོང་མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ་དང་། མདོ་ལ་རྫོང་ལ་བཙས་སྒང་མཛེས་ལྗོངས་ཁུལ། བློན་པོ་བྱ་རྒོད་མཛེས་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱིAAAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་དཔྱད་བསྡུར་གཏན་འབེབས་བྱས་པ་རེད།

01~1.jpg

02~1.jpg

  མེས་ལྷ་གངས་དཀར་མཛེས་ལྗོངས་ཁུལ།

ལ་བཙས་སྒང་མཛེས་ལྗོངས་ཁུལ།

06.jpg

བློན་པོ་བྱ་རྒོད་མཛེས་ལྗོངས་ཁུལ།

09.jpg


མཉམ་སྤྱོད།