དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས2025ལོའི་སྐོར་ཁག་དང་པོའི་འཛད་སྤྱོད་ཐོན་རྫས་རྙིང་བ་གསར་བརྗེའི་ཁ་གསབ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་བྱིན།

2025-02-11 09:25:52   |   162

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་མེ་ལོང་། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས7ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི2025ལོའི་སྐོར་ཁག་དང་པོའི་ཞིབ་བཤེར་ཆོག་མཆན་ཐོབ་པའི་འཛད་སྤྱོད་དངོས་རྫས་རྙིང་བ་གསར་བརྗེའི་ཁ་གསབ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་དེ། འཛད་སྤྱོད་པའི་མི་སྒེར་གྱི་དངུལ་ཁང་རྩིས་ཐོའི་སྟེང་ཐོན་པ་དང་། དེའི་ནང་རླངས་འཁོར་རྙིང་བ་གསར་བརྗེ་ཐད་ཀྱི་ཁ་གསབ་དངུལ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྟོང་གཅིག་དང་། ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་དངུལ་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག ཨང་ཀིའི་གསར་ཉོ་ཐད་ཀྱི་ཁ་གསབ་དངུལ་སྟོང་གསུམ་བཅས་འདུ།

ཟླ1པོའི་ཚེས27ཉིན། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་སོགས་སྡེ་ཁག་ལྔ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི2025ལོའི་ཚོང་དོན་ཁྱབ་ཁོངས་ཀྱིས་འཛད་སྤྱོད་དངོས་རྫས་རྙིང་བ་གསར་བར་བརྗེ་བར་ཤུགས་སྣོན་པ་དང་རྒྱ་སྐྱེད་པའི་ལག་བསྟར་ཞིབ་སྲོལ་པར་འགྲེམ་བྱས་པ་དང་། དེའི་ནང་ཚོང་དོན་ཁྱབ་ཁོངས་ཀྱི་རླངས་འཁོར་སྙིགས་དོར་གསར་བརྗེ་དང་རླངས་འཁོར་ཚབ་བརྗེ་གསར་བརྗེ། རླངས་འཁོར་གསར་བ་ཉོ་སྒྲུབ། གློག་ཆས་རྙིང་བ་གསར་བརྗེ། གློག་རྡུལ་ཚོང་རྫས་གསར་ཉོ། ཁྱིམ་ཆས་འཛད་སྤྱོད་གསར་བརྗེ། གློག་སྒུལ་ལྕགས་རྟ་རྙིང་བ་གསར་བརྗེ་བྱེད་པ་སོགས་རིགས་སྣ་བརྒྱད་འདུ།

དེ་དང་མཉམ་དུ། 2025ལོའི་རྙིང་བ་གསར་བརྗེའི་བྱ་འགུལ་ནང་ཞུགས་པའི་ཁེ་ལས་ཀྱི་མིང་ཐོ་འགོད་པའི་བྱ་བ་སྤེལ་བ་དང་། མིག་སྔར་ཁེ་ལས་སྟོང་གཅིག་དང་བརྒྱད་བརྒྱ་གྱ་ལྔར་ཞིབ་བཤེར་ཆོག་མཆན་ཐོབ། 2024ལོའི་བྱ་འགུལ་ལག་བསྟར་སྟེགས་བུའི་རྨང་གཞིའི་སྟེང་། ཡོངས་ཁྱབ་ཏུ་བྱ་འགུལ་གྱི་ལག་བསྟར་ཁེ་ལས་གཉིས་སུས་འཇོན་དེ་འགུག་བྱས་པ་དང་། རེ་བ་ལྟར་རྒྱལ་ཁབ་ཀྱི་རྙིང་བ་གསར་བརྗེའི་གཞི་གྲངས་མ་ལག་ལ་སྦྲེལ་མཐུད་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་འཛད་སྤྱོད་དངོས་རྫས་རྙིང་བ་གསར་བརྗེའི་ཁ་གསབ་མ་དངུལ་རེ་ཞུ་བྱེད་པའི་ཡིག་ཆ་དྲ་ཐོག་ནས་བདག་སྤྲོད་དང་ཞིབ་བཤེར། གཏོང་སྤྲོད་བྱེད་པའི་བྱ་བ་སྤེལ།


མཉམ་སྤྱོད།