དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཚོ་བྱང་ཁུལ་ལ་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཐོབ།

2025-02-11 15:26:57   |   157

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


《ཞིང་ཆེན་དང་པུ་ཡི་ཐུན་མོང་ཐོག་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད2024ལོར་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པའི་བྱ་བའི་དཔྱད་ཞིབ་བྱས་འབྲས་སྐོར་གྱི་ཁྱབ་བརྡ》(མཚོ་སྔོན་ཞིང་ཆེན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གཞུང་ལས་ཁང[2025]ཨང1)གི་དགོངས་དོན་གཞིར་བཟུང་། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་བྱ་བར་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་ཕུལ་བྱུང་རིམ་པ་ཐོབ་ནས་བསྟུད་མར་ལོ་གཉིས་རིང་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པར་མ་ཟད། ཉེ་ཆར་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་བྱ་བའི་ཚོགས་འདུའི་ཐོག་ཆེད་དོན་ཁྱབ་བརྡ་དང་མགོ་ཁྲིད་ཀྱིས་དཔྱད་གཏམ་སྤེལ་ཏེ།  མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་ཁྲོད་སྤེལ་བའི་བྱ་བ་དང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོན་པོ་བྱས།    

2024ལོར་མཚོ་བྱང་ཁུལ་གྱིས་ལྗང་མདོག་རྨང་གཞིར་བྱེད་པ་དང་འཕེལ་རྒྱས་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུས་མཚོ་བྱང་ལ་སྤྲད་པའི“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པ”ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འགན་འཁྲི་ལག་བསྟར་གཏིང་ཟབ་བྱས་ཏེ། རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་སྲིད་ཇུས་འགན་སྲུང་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། ཆས་རྟགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མགོ་ཚུགས་ས་མཐོན་པོ་ནས་ཇུས་འགོད་བྱེད་པ། ཚུགས་གནས་མཐོན་པོར་སྐུལ་འདེད་གཏོང་བ། ཚད་གཞི་མཐོན་པོ་སྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་ཐུན་མོང་གསར་སྐྲུན་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་མ་ལག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཕྱིར་གཏོང་མ་ལག་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཁྱབ་སྤེལ་བཏང་བས་རྨང་གཞི་བརྟན་གཏོང་དང་བརྟན་ཐོག་ཡར་འཕེལ་མངོན་འགྱུར་བྱུང་ཡོད།

 ཁུལ་ཡོངས་ཀྱི་རང་བྱུང་རྩྭ་ཐང་མུའུ་ཁྲི2586དང་། རྨོ་ཞིང་མུའུ10869། བོད་ལུག་དང་ནོར་གནག་ཁྲི213.29བཅས་ལ་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ར་སྤྲོད་བྱས་པ་དང་། སྒོར་དུང་ཕྱུར16.28ཀྱི་མ་དངུལ་བཏང་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང138བསྐྲུན། རིམ་རྩིས་བྱས་ན“རྫས་གསུམ་རྟགས་གཅིག”161ལ་ར་སྤྲོད་བྱས་པ་དང་། “འཇུ་ལག་ལོག་དཀར”དང“མདོ་ལའི་བོད་ལུག”ཀྲུང་གོའི་ཞིང་ལས་ཆས་རྟགས་དཀར་ཆག་ནང་བདམས་པ་དང་། “མདོ་ལའི་བོད་ལུག”དང“མདོ་ལའི་ནོར་གནག”ལ་རྒྱལ་ཡོངས་ཀྱི་མིང་གྲགས་དང་དམིགས་བསལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པར་གདེང་འཇོག་བྱས།

ཞིང་ཆེན་ཕྱི་ནང་དུ“གནས་གསུམ་སྒྲོམ་བརྒྱ”50བཙུགས་པ་དང་། ཟི་ལིང་དུ་སྐམས་ལུག་ཤ་ཆེད་ཚོང་ཁང་དང་མྱོང་རོལ་ཚོང་ཁང་། ཐད་གཉེར་ཚོང་ཁང་སོགས28བཙུགས་ལ།  ཆས་རྟགས་ངོ་སྤྲོད་ཐེངས63བྱས་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི2419ཟིན་ཡོད། བོད་ལུག་ཁྲི18པེ་ཅིང་དུ་བསྐྱོད་པ་དང་། རྩྭ་ཤེད་ལུག་ཤ་རྒྱ་མ་ཁྲི10ཧྲན་ཏུང་དུ་བསྐྱོད་པ། འཇུ་ལག་གི་སྦྲང་རྩི་ལྗར་པན་དུ་ཕྱིར་གཏོང་བྱེད་པ། ཤ་མོ་ཧན་གོར་ཕྱིར་གཏོང་བྱེད་པ། མདོ་ལའི་བོད་ལུག་ཨོ་མོན་དུ་ཐད་ཚོང་བྱེད་པ་སོགས་སྔ་རྗེས་སུ་མངོན་འགྱུར་བྱུང་ཡོད། ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་ལ་ཕྱིར་གཏོང་བྱས་པའི་གྲངས་འབོར་སྒོར་དུང་ཕྱུར7.82ཟིན་པ་དེ་དུས་མཚུངས་ལས13.3%འཕར་ནས་ཞིང་ཆེན་ཡོངས་ཀྱི་བོད་ལུག་དང་ནོར་གནག ནས། ལོག་དཀར། ཆུ་གྲང་ཉ་བཅས་ཀྱི་ས་བོན་མཁོ་འདོན་རྟེན་གཞི་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། 


མཉམ་སྤྱོད།