དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2025-02-13 15:28:17   |   654

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས87པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། མཚོ་བྱང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས། 

640.jpg

  ཚོགས་འདུའི་ཐོག་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2025ལོའི་དཔྱིད་གསར་དུས་ཆེན་གྱི་མཇལ་འཛོམས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འདས་ཟིན་པའི་ལོ་གཅིག་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ད་ལོའི་བྱ་བ་ལེགས་པར་བསྒྲུབ་དགོས་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་དགོས་པ་དང་། ཤིང་མོ་སྦྲུལ་ལོར་འབད་བརྩོན་ལྷོད་མེད་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གོམ་པ་རེ་རེ་བཞིན་བྱ་སྤྱོད་དངོས་ཀྱི་ཐོག་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་མ་འདྲེན་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཚོང་འགུག་ལས་གཞི་མཉམ་འབྲེལ་ཚོགས་འདུ་སོགས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཆུ་ཚད་མཐོ་བའི་ཚོང་འགུག་བྱ་བ་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་སྟོབས་ཆེར་གཏོང་དགོས། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི“གཡུལ་འགྱེད་ཐེངས་ལྔ”གཞི་འཛིན་སར་བྱས་ཏེ་སྐྱེ་ཁམས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། དམངས་འཚོ་འགན་ལེན། བསམ་པའི་དཔལ་ཡོན་སོགས་ཁྱབ་ཁོངས་སོ་སོའི་བྱ་བ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཐོན་ལས་ཀྱི“གནས་བཞི”འཛུགས་བསྐྲུན་བྱས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དམངས་འཚོའི་བཟོ་གྲྭ་ཁག་ཆེན་མོ་བཅུ་དང་ལས་གཞི24ཁྱོན་ཡོངས་ནས་ལག་བསྟར་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས་སྤྱི་པའི་བྱ་གཞག་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་། སྤྱི་ཚོགས་ཞབས་ཞུའི་འགན་སྲུང་དྲ་བ་དམ་ཟབ་དང་ཇེ་བརྟན་དུ་གཏོང་དགོས། ཏང་དོ་དམ་དང་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་རིང་ཕན་ནུས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱ་དགོས་ཟེར།

640 (1).jpg

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཙུའུ5ཡི་བྱ་བའི་སྙན་ཞུ་ནན་ཏན་ངང་ཉན་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་དགོས་པ་དང་། ས་ཁུལ་ཁ་ཤས་ཀྱི་རོགས་ལས་ལ་ཤུགས་བསྣན་ནས་མདོ་ལ་རིང་མོ་དང་མཚོ་སྔོན་པོ"རྒྱལ་ཁབ་སྤྱི་གླིང་གཉིས"ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་ཁྱད་ཆོས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་དགོས། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་སོགས་ཀྱི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་གནད་དོན་སོ་སོ་དུས་བཀག་གི་བླང་བྱ་ལྟར་ཕྱོགས་ཡོངས་ནས་བཅོས་སྒྲིག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཟེར།ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་བྱ་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་། སྤྱི་ཚོགས་བྱ་བའི་གཙོ་གནད་གནས་དང་ནུས་འདོན་གནས་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར།

640 (2).jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"ཞིང་གསུམ"བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་ཞིང་ཆེན་ཏང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་གྱི་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་བྱ་ཡུལ་གཏོད་རྒྱུར་དམིགས་ནས་ཞིང་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རྨོ་ཞིང་གི་དམར་ཐིག་དང་གཏན་འབེབས་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་བསྲུངས་ཏེ"འཆད་པ་གཉིས་དང་སྐུལ་འདེད་བཞིའི"བྱེད་སྒོ་ཏན་ཏིག་སྤེལ་ནས་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་བར་ཕན་པ་འདོགས་པ། ཞིང་པ་ཕྱུག་པོ་ཆགས་པ་བྱེད་པའི་སྲིད་ཇུས་མང་ཚོགས་ཁྲོད་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱིས་མཚོ་བྱང་ལ་བརྟག་ཞིབ་སྐབས་གནང་བའི་མཛུབ་སྟོན་བླང་བྱ་དང་མཚོ་བྱང་བྱ་བར་གནང་བའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གསུང་བཤད་དང་མཆན་འགོད་མཛུབ་སྟོན་ཁྲོད་ནས་ཁ་ཕྱོགས་འཚོལ་བ་དང་། ཆོས་ཉིད་འཚོལ་བ། བསམ་ཕྱོགས་འཚོལ་བ། བྱ་ཐབས་འཚོལ་བ་བཅས་བྱས་ནས་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།ཚོགས་འདུའི་ཐོག 2024ལོའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་གྱི་ལས་འགན་སྙན་ཞུའི་གནས་ཚུལ་ལ་ཉན་པ་དང་། 《ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་བཅོས་སྒྲིག་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ཞིབ་བསྡུར་ཞིབ་བཤེར་དཔྱད་གཞི》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།    


མཉམ་སྤྱོད།