དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོར་མཚོ་སྔོན་གྱིས་གཞུང་ཞབས་པ2380བསྡུ་རྒྱུ་རེད།

2025-02-17 09:19:26   |   375

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གཞུང་ཞབས་པའི་བཅའ་ཁྲིམས་དང《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས2025ལོའི་རིམ་པ་དང་པོའི་ཀྲུའུ་རིན་ཁའོ་ཡོན་དང་དེའི་མན་ཆད་དང་རིམ་པ་དེ་མཚུངས་ཀྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་བྱ་བ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

1.ལས་བསྡུའི་མི་གྲངས།

2025ལོར་མཚོ་སྔོན་ཞིང་ཆེན་གྱིས་རིམ་པ་དང་པོའི་ཀྲུའུ་རིན་ཁའོ་ཡོན་དང་དེའི་མན་ཆད་དང་རིམ་པ་དེ་མཚུངས་ཀྱི་གཞུང་ཞབས་པ་ཁྱོན2380ཡོངས་བསྒྲགས་ངང་བསྡུ་རྒྱུ་ཡིན་ལ། ཞིབ་ཕྲའི་ལས་བསྡུའི་ལས་གནས་འཆར་གཞི་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་བརྒྱུད་དེ(www.qhpta.com) འཚོལ་ཞིབ་བྱ་རོགས།

2.ལས་བསྡུའི་གོ་རིམ།

ལས་བསྡུའི་བྱ་བ་དེ་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལུས་པོར་བརྟག་དཔྱད། རྟོག་ཞིབ། ཞིབ་མཆན་བསྡུ་ལེན་སོགས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ།

3.མིང་ཐོ་འགོད་པའི་དུས་ཚོད།

2025ལོའི་ཟླ2པའི་ཚེས17ཉིན་གྱི་དུས་ཚོད9:00ནས་ཟླ2པའི་ཚེས21ཉིན་གྱི་དུས་ཚོད18:00བར་ཡིན། 

4.དངུལ་སྤྲོད་པའི་དུས་ཚོད།

2025ལོའི་ཟླ2པའི་ཚེས17ཉིན་གྱི་དུས་ཚོད9:00ནས་ཟླ2པའི་ཚེས24ཉིན་གྱི་དུས་ཚོད23:30བར་ཡིན། 

5.མིང་ཐོ་འགོད་པའི་སྙོམས་སྒྲིག་དུས་ཚོད།

2025ལོའི་ཟླ2པའི་ཚེས25ཉིན་གྱི་དུས་ཚོད9:00ནས16:00བར་ཡིན།

6.ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2025ལོའི་ཟླ3པའི་ཚེས15ཉིན་ཡིན་ལ། ཞིབ་ཕྲའི་རྒྱུགས་ལེན་ས་གནས་ནི་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།


མཉམ་སྤྱོད།