དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མཚོ་བྱང་རང་སྒྲ”APPདེ་ཧྭ་ཝེའི་ཉེར་སྤྱོད་ཚོང་རའི་སྟེང་ཕབ་ལེན་བྱེད་ཐུབ།

2025-02-18 08:58:08   |   1148

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


“མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་ཐེམ་སྒོ་དྲ་ཚིགས”ནི2022ལོའི་ཟླ12པར་དངོས་སུ་ཤར་གཏོང་བྱས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་གི་བོད་ཡིག་ཐེམ་སྒོའི་དྲ་ཚིགས་ཐོག་མ་ཡིན། དེའི་སྤོ་སྒུལ་མཐའ་སྣེའིAPPཡི་མིང་ལ“མཚོ་བྱང་རང་སྒྲ”ཟེར་ལ། སྲིད་ཇུས་ཁྱབ་སྒྲོག་དང་མི་དམངས་ཀྱིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་གསེལ་འགྲོལ། སྐབས་དོན་གསར་འགྱུར་སྤེལ་བ་སོགས་ཀྱི་ཕྱོགས་བསྡུས་སྟེགས་བུ་ཞིག་ཡིན།

2.jpg

3.jpg

4.jpg

6.jpg

5.jpg

ཉེ་ཆར། “མཚོ་བྱང་རང་སྒྲ”སྤོ་སྒུལ་མཐའ་སྣེའིAPPདེ“ཧྭ་ཝེའི་ཉེར་སྤྱོད་ཚོང་རའི”སྟེང་དུ་བཞག་ཡོད། ཧྭ་ཝེའི་ཁ་པར་སྤྱོད་མཁན་གྱིས“ཧྭ་ཝེའི་ཉེར་སྤྱོད་ཚོང་རའི”ནང་དུ“海北之音”  ཞེས་པའི་རྒྱ་ཡིག་གཏགས་ཏེ་འཚོལ་བཤེར་བྱས་ཚེ“མཚོ་བྱང་རང་སྒྲའི”APPཕབ་ལེན་བྱེད་ཐུབ། གཞན་ཡང་རྒྱལ་ནང་གི་ཁ་པར་མ་ལག་གཞན་དག་དང་དེ་བཞིན་ཀུ་ཤུའི་མ་ལག་གི་ཉེར་སྤྱོད་ཚོང་རའི་སྟེངAPPའཇོག་པའི་ལས་དོན་ལ་འབད་འབུངས་བྱེད་བཞིན་པའི་སྒང་ཡིན་ལ་མི་འགྱང་བར་འགྲུབ་ལ་ཉེ་བས། སྤྱོད་མཁན་གསར་རྙིང་ཡོངས་ཀྱིས་རེ་སྒུག་དང་ཕབ་ལེན་བྱེད་པར་མཁྱེན།

1.jpg


མཉམ་སྤྱོད།