དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་ཞིང་ཆེན་ལྟེ་གནས་ཀྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་འཚོགས།

2025-02-21 10:24:20   |   895

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས20ཉིན། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས2025ལོའི་ཞིང་ཆེན་ལྟེ་གནས་ཀྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་འཚོགས། ཞིང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་པད་གོས་ཤིས་ཚིག་ཕུལ། ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥུང་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཕེང་ཡིའུ་ཏུང་། བློ་མཐུན་རྒན་པ་པད་མ་དང་ཏེང་པིན་ཐའེ་བཅས་ཞུགས་ཡོད། 

པད་གོས་ཐོག་མར་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོང་གིས་བསྟན་དོན། 2024ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཚོ་སྔོན་ལ་རྟོག་ཞིབ་བྱེད་པར་ཡོང་ནས་མཚོ་སྔོན་ལ་དེང་རབས་ཅན་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་འཆར་འགོད་དངོས་སུ་བྲིས། དེས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་མ་ཐེབས་པ་དང་སྤོབས་པ་ཆེན་པོ་བསྩལ། ལོ་གཅིག་རིང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་གནད་ལ་འཁེལ་བའི་ངང་ལག་བསྟར་དང་དོན་འཁྱོལ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱིས་གུང་ཁྲན་ཏང་དང་མེས་རྒྱལ་ལ་སྔར་བས་བཀའ་དྲིན་ཞུས་པ་དང་། དུས་རབས་གསར་པར་བཀའ་དྲིན་ཞུ་བཞིན་ཡོད། ཞིང་ཆེན་ཨུ་ལྷན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཞིང་ཆེན་ཡོངས་ལ་“ཡིད་ཆེས་བརྟན་པོ་དང་། སྟོབས་ཤུགས་གང་ལེགས་འདོན་སྤེལ། སྲོལ་འབྱེད་གསར་གཏོད། དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི”འབོད་སྐུལ་བཏང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་མཐུན་སྒྲིལ་འབད་བརྩོན་དང་བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་ཧུར་བརྩོན་ཆེན་པོས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབྲི་ཆེད་ལེགས་སྐྱེས་གསར་པ་དང་ལེགས་སྐྱེས་དེ་བས་ཆེ་བ་དབུལ་དགོས་ཞེས་བཤད།     

ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་གྱི་འཐུས་མི། ཞིང་ཆེན་ལྟེ་གནས་ཀྱི་བོད་རིགས་རིགས་གཅིག་མཁས་ཅན། མཁས་དབང་། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། གཞི་རིམ་ལས་བྱེད་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ཞུགས་ཡོད། རིག་རྩལ་ལས་དོན་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས།    


མཉམ་སྤྱོད།