དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོར་མཚོ་བྱང་གིས་དམངས་འཚོའི་དོན་དངོས་ཁག22ལག་བསྟར་བྱ་རྒྱུ་རེད།

2025-03-04 10:38:47   |   165

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོར་མཚོ་བྱང་ཁུལ་གྱིས་ལས་ཞུགས་ཀྱི་རྨང་གཞི་ཇེ་བརྟན་དང་སློབ་གསོ་མཐོར་འདེགས་གཏོང་བ། སྡོད་ཁང་འགན་ལེན། སྤུས་ལེགས་སྨན་བཅོས། མཛེས་མཐུན་གྲོང་གསེབ་སོགས་རིགས་ཆེན་པོ9ཡི་དམངས་འཚོའི་དོན་དངོས་ཁག22ལག་བསྟར་བྱ་རྒྱུ་ཡིན་པ་དང་། “དྲོ་སྐྱིད་ལྡན་པའི་ལེགས་སྐྱེས་ཆེན་པོ”འདི་ལག་བསྟར་བྱས་ན་མང་ཚོགས་ཀྱི་སེམས་ཁུར་ཆེ་ས་དང་ཆེས་ཐད་ཀར། ཆེས་དོན་དངོས་ཡིན་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་ཇེ་མཐོར་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རིགས9ཡི་དམངས་འཚོའི་དོན་དངོས་ནང་སྡོད་ཁང་འགན་སྲུང་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་གསར་སྒྱུར་སོགས་ཕྱོགས་མང་པོ་འདུས་ཡོད། དེའི་ཁྲོད། སྡོད་ཁང་འགན་སྲུང་ཐད་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པར་ཁང་བ3094དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་ཁྲོད་ཁྱིམ་ཚང7265ལ་ལག་བསྟར་བྱེད་པ་བརྒྱུད་དེ་སྡོད་དམངས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་བཅོས་ནུས་ལྡན་ཡོང་བར་བྱ་རྒྱུ་རེད། སློབ་གསོ་མཐོར་འདེགས་གཏོང་བའི་ཐད་སློབ་གྲྭ10ལ་ཤེས་རིག་སྒོ་སམ་དང་སློབ་མའི་གློག་ཀླད་སོགས་ཆ་འཕྲིན་ཅན་གྱི་སྒྲིག་ཆས་ཉོ་སྒྲུབ་བྱེད་པ་དང་། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་གྲངས་འཛིན་ཅན་གྱི་སློབ་གྲྭར་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ལ། མདོ་ལ་རྫོང་མི་རིགས་སློབ་འབྲིང་དང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་ལུས་རྩལ་ར་བའི་ལས་གཞི་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་། སློབ་གྲྭ10ཡི་གདོང་ཐུག་འགོག་པའི་ཀ་བ་འཛུགས་སྐྲུན་སོགས་ལེགས་གྲུབ་བྱ་རྒྱུ་རེད།


མཉམ་སྤྱོད།