དེ་རིང་ནི2025ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་ཀྲུང་དབྱང་གིས་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྡ་སྦྱོར་བཏང་།

2025-03-19 11:24:53   |   1285

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བརྡ་སྦྱོར》བཏང་ནས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ།  ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ་བསྡུས་མིང་ལ《བརྡ་སྦྱོར》ཟེར)དཔར་འགྲེམས་བྱས། 

《བརྡ་སྦྱོར》ནང་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་དོན་འཁྱོལ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་གི་མོས་མཐུན་བརྒྱུད། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ(གཤམ་དུ་བསྡུས་མིང་ལ“སློབ་སྦྱོང་སློབ་གསོ”ཟེར)སྤེལ་རྒྱུ་ཡིན་པ་རེད། སློབ་སྦྱོང་སློབ་གསོ་དེ2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ་མགོ་ཚུགས་རྒྱུ་དང་། ཟླ7པའི་ཟླ་མཇུག་སྔོན་ལ་གཞི་རྩའི་ཆ་ནས་མཇུག་འགྲིལ་རྒྱུ་རེད། 

《བརྡ་སྦྱོར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། ཏང་ཡོངས་སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སློབ་སྦྱོང་ཤེས་རྟོགས་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཐོབ་པའི་མངོན་གསལ་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་འགལ་བའི་འབུར་ཐོན་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ་དང་། སྤྱོད་ཚུལ་དང་རུལ་སུངས་ཀྱི་གྱོད་དཔེ་སྤྱད་དེ་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་དང་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་སུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་བཏང་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་རྒྱུན་ཆད་མེད་པར་ཐོབ་པར་བྱས་ནས། སྔར་ལས་ལྷག་པར་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད། 

《བརྡ་སྦྱོར》ནང་ནན་གྱིས་བསྟན་དོན། བརྗོད་དོན་ལ་དམིགས་པ་དང་སྟབས་བདེ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། སྐོར་ཐེངས་དང་དུས་རིམ་མི་དབྱེ་བར་སློབ་བཤེར་བཅོས་སྒྲིག་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་བྱེད་དགོས། སློབ་སྦྱོང་དང་གྲོས་བསྡུར་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་སྒྲིག་འཛུགས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་དང་སློབ་སྦྱོང་བྱས་ཏེ། ངོས་འཛིན་མཐོར་འདེགས་དང་ཡིད་ཆེས་ཆེར་བསྐྱེད་ཀྱིས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་ཞིབ་བཤེར་བྱེད་པར་ཚད་གཞི་དང་རེའུ་མིག་ལ་ཞིབ་བསྡུར་བྱེད་པ་བརྒྱུད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་། སྐོར་སྐྱོད་ལྟ་ཞིབ། རྩིས་བཤེར་ལྟ་ཞིབ། ནོར་རྩིས་ལྟ་ཞིབ། ལྟ་སྐུལ་ཞིབ་བཤེར། བརྟག་དཔྱད་ཞིབ་འཇུག འཕྲིན་བཅར་ཞུ་གཏུག་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ཐད་གནས་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་གཏིང་ཟབ་བྱེད་དགོས། གཅིག་བསྡུས་བཅོས་སྒྲིག་བྱེད་པར་གནད་དོན་གང་འདྲ་ཞིག་ཡོད་ན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་འདྲ་ཞིག་མངོན་གསལ་ཡིན་ན་དེ་གཙོ་གནད་ཐོག་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་བཟོ་བཅོས་བྱེད་པ་དང་། ཤེས་མ་ཐག་བཟོ་བཅོས་བྱེད་དགོས། སྒོ་འབྱེད་སློབ་གསོར་མང་ཚོགས་ཞུགས་རྒྱུར་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ལ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལས་གནས་སུ་གཞི་ཚུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། བྲེལ་དཀའ་ཉེན་གལ་གྱི་ལས་འགན་ལེགས་འགྲུབ་བྱེད་པའི་ཁྲོད་འགན་འཁུར་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་རེག་ཐུབ་པ་བྱེད་དགོས། 

《བརྡ་སྦྱོར》ནང་ཏང་ཨུ(ཏང་ཙུའུ)རིམ་པ་སོ་སོས་ས་ཁུལ་དེ་གའི་སྡེ་ཁག་དེ་ག་དང་ལས་ཁུངས་དེ་གའི་སློབ་སྦྱོང་སློབ་གསོའི་ཐད་སྤྱི་འགན་འཁུར་དགོས་པ་དང་། ཏང་ཨུ(ཏང་ཙུའུ)ཡི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་འཁུར་ནས། ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་པ། དྲིལ་སྒྲོག་ཁྲིད་སྟོན་ཡག་པོ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་བླང་བྱ་བཏོན། 


མཉམ་སྤྱོད།