དེ་རིང་ནི2025ལོའི་ཟླ04པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་རིགས་བྱིས་པ་གཉིས་ཀྱིས་ཀྲུང་གོའི་རྐང་གྲུག་རུ་ཁག་དང་གན་རྒྱ་བཞག

2025-03-25 09:08:18   |   387

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་སྔོན། མཚོ་སྔོན་རྐང་གྲུག་མཐུན་ཚོགས་ནས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་གྱི་རྐང་གྲུག་རྩེས་མཁན་བྱིས་པ3གྱིས་ཀྲུང་གོའི་རྐང་གྲུག་རུ་ཁག་གི་ཁྲང་ཁྲུན་ཡ་ཐའེU11རུ་ཁག་དང་གན་རྒྱ་བཞག་ཅིང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་བྱིས་པ་གཅིག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བྱིས་པ་གཉིས་ཡོད་པ་རེད།

2222.png

ཟི་ལིང་གྲོང་ཁྱེར་རྐང་གྲུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་དང་ཆུ་དམར་ལེབ་གཞོན་སྦྱོང་རུ་ཁག་གི་འགན་འཁུར་པ་སུང་ཚན་གྱིས་ངོ་སྤྲོད་ཞུ་རྒྱུར། ད་ལོའི་ཟླ2པར། མཚོ་སྔོན་ཁེ་རུའེ་སི་རྐང་གྲུག་ཚོགས་པ་དང་ཆུ་དམར་ལེབ་གཞོན་སྦྱོང་རུ་ཁག་གིས་ཀོང་ཤིས་པེ་ཧའེ་དགུན་སྦྱོང་སྐབས་སུ་ཁྲང་ཁྲུན་ཡ་ཐའེU11རུ་ཁག་དང་འགྲན་སྡུར་བྱས་པའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་རྐང་གྲུག་པ་མའོ་ཡན་ཞིན་དང་ཡུལ་ཤུལ་ཆུ་དམར་ལེབ་རྫོང་གི་ཚེ་རིང་ཉི་མ་དང་བསོད་ནམས་དར་རྒྱས་བཅས་ཀྱི་ཕུལ་བྱུང་གི་རྐང་རྩལ་ལ་ཁྲང་ཁྲུན་ཡ་ཐའེ་རྐང་རྩེད་སྤོ་ལོ་ཚོགས་པས་དོ་སྣང་ཆེན་པོ་བྱས།

སུང་ཚན་གྱིས་བཤད་རྒྱུར།“རྐང་གྲུག་པ་གསུམ་པོའི་སྐྱེས་ལོ་ཚང་མ2014ལོ་རེད།”ཚོགས་པས་ཚོད་ལྟའི་སྦྱོང་བརྡར་དང་ཞིབ་བཤེར་དཔྱད་འཇོག་བྱས་པ་བརྒྱུད། ལོ་ཆུང་རྐང་རྩེད་སྤོ་ལོ་པ་འདི་གསུམ་པོ་རྐང་རྩེད་པ་མང་པོའི་ཁྲོད་ནས་འབུར་དུ་ཐོན་པར་བརྟེན་ཁྲང་ཁྲུན་ཡ་ཐའེU11རུ་ཁག་དང་གན་རྒྱ་བཞག་ཅེས་ཟེར།


མཉམ་སྤྱོད།
Loading...