དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་འབྲེལ་བ་ཡོད། “2025ལོའི་གནམ་རྒྱ”འགུལ་སྐྱོད་དངོས་སུ་སྤེལ་མགོ་ཚུགས།

2025-03-25 10:27:17   |   876

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས24ཉིན། ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཚུང་རྒྱལ་སྤྱིའི་རུལ་སུངས་མི་རྒྱུ་གཉིས་འདེད་དང་རྒྱལ་མཚམས་ལས་བརྒལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་གཞུང་ལས་ཁང་གིས་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱས་པ་དང་། 2025ལོའི་རུལ་སུངས་ངོ་རྒོལ་གྱི་རྒྱལ་སྤྱིའི་རུལ་སུངས་མི་རྒྱུ་གཉིས་འདེད་དང་རྒྱལ་མཚམས་ལས་བརྒལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

“2025ལོའི་གནམ་རྒྱ”འགུལ་སྐྱོད་ལ་བཀོད་སྒྲིག་གང་དག་ཡོད་དམ།

  • རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་གོ་གནས་ཉེས་གསོག་གི་རྒྱལ་ཁོངས་ཕྱིའི་རྐུན་ནོར་ཕྱིར་འདེད་དང་གྱོང་གུན་གསབ་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ།

  • སྤྱི་བདེ་པུས“ཝ་རྔོན་”ཆེད་དམིགས་འགུལ་སྐྱོད་སྤེལ་བ།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་བདེ་པུ་དང་མཉམ་དུ་ཁོངས་བརྒལ་སྤྱི་གཉེར་དང་ས་འོག་དངུལ་ཁང་སྤྱད་ནས་རྒྱལ་ཁོངས་ཕྱིར་དངུལ་སྤོ་སྒྱུར་བྱེད་པ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ།

  • ཀྲུང་དབྱང་རྩ་འཛུགས་པུས་སྤྱི་བདེ་པུ་དང་རྒྱལ་ཁབ་གནས་སྤོས་དོ་དམ་ཅུ་དང་མཉམ་དུ“དཔོན་ཧྲེང་”འགན་འཛིན་འགན་བཞེས་ལས་གནས་དོ་དམ་དང་། གཞུང་ཞབས་པ་སྒེར་དོན་དུ་ཕྱི་རྒྱལ་ལ་འགྲོ་བའི་(མངའ་ཁོངས་)སྒྲིག་འགལ་གནད་དོན་བཅོས་སྐྱོང་སོགས་ཀྱི་ལས་དོན་དམ་འཛིན་བྱེད་པ

    གསར་འགྱུར་འདིར་བྱུང་བའི་བརྡ་ཆད།

 (天网行动 གནམ་རྒྱ་འགུལ་སྐྱོད། 猎狐 ཝ་རྔོན། 裸官 དཔོན་ཧྲེང་།)   


མཉམ་སྤྱོད།