དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྭངས་གསལ་གུང་གསེང་རིང་ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་གནས30842སུ་གླ་ཡོན་མི་བསྡུ་བ་རེད།

2025-04-01 10:51:02   |   754

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཟི་ལིང་དགོང་མོའི་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ།   གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།    དྭངས་གསལ་དུས་ཆེན་གྱི་གུང་གསེང་(ཟླ4པའི་ཚེས4ཉིན་ནས་ཟླ4པའི་ཚེས6ཉིན་བར)སྐབས་གྲོང་ཁྱེར་སྲིད་གཞུང་གིས་དོ་དམ་བྱེད་པའི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་སའི་ར་བ569དང་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་གནས30842སུ་རླངས་འཁོར་འཇོག་པར་གླ་ཡོན་མི་བསྡུ་བ་རེད།      

ཤེས་རྟོགས་བྱུང་བར་གཞིགས་ན།    ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་དུས་ཆེན་སླེབས་སྐབས་གྲོང་མིའི་གནས་སྐོར་དང་ཉོ་སྒྲུབ་ཀྱི་དགོས་མཁོ་ཆེས་ཆེར་འཕར་ནས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཡང་དེ་དང་ཆབས་ཅིག་ཐོན་གྱི་ཡོད་པ་རེད།     ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས་བགྲོད་ལམ་འགྲམ་གྱི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ནས་གྲོང་ཁུལ་ནང་གི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།     ད་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན།    ངལ་རྩོལ་དུས་ཆེན།    ལྔ་བའི་ཚེས་ལྔའི་དུས་ཆེན།    རྒྱལ་སྟོན་དུས་ཆེན།    ཟླ་མཆོད་དུས་ཆེན་བཅས་ཁྲིམས་གཏན་འཁེལ་བའི་དུས་ཆེན་གལ་ཆེན་བདུན་ནང་གླ་ཡོན་མི་དགོས་པར་རླངས་འཁོར་འཇོག་པ་དེ་གྲོང་མིའི་“ཕན་བདེ”ཞིག་ཏུ་གྱུར་ཡོད།     སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་སར་གླ་ཡོན་མི་དགོས་པར་རླངས་འཁོར་འཇོག་རིང་གྲོང་མིས་གཏན་འབེབས་ལྟར་ཕྱོགས་མཚུངས་སུ་རླངས་འཁོར་འཇོག་དགོས།    གལ་ཏེ་གཏན་འབེབས་བརྩི་སྲུང་མི་བྱེད་པར་གང་བྱུང་དུ་འཇོག་པའི་སྣང་ཚུལ་ཡོད་ན།    ཟི་ལིང་གྲོང་ཁྱེར་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་དོ་དམ་གཞུང་ལས་ཁང་ལ་ཞུ་གཏུག་བྱེད་ཆོག    ཞུ་གཏུག་ཁ་པར། 12328


མཉམ་སྤྱོད།