དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནུབ་མཚོའི་རྟ་རྐུན་ཞིག་རྐང་ཚ་རུ་བཟུང་བ།

2025-04-01 17:24:01   |   551

རྩོམ་སྒྲིག  མཁའ་འགྲོ་མཚོ།    ཡོང་ཁུངས།   མཚོ་སྔོན་ཁྲིམས་ལུགས་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་སྤྱི་བདེ་ཡན་ལག་ཅུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མགྱོགས་མྱུར་ངང་རྟ་གཅིག་བརྐུས་པའི་གྱོད་དོན་ཞིག་རྩད་ཆོད་དེ། དོགས་ཡོད་ཉེས་ཅན1བཟུང་ནས་བརྐུས་ཟིན་པའི་རྟ་ཕྱིར་རྙེད་པ་རེད།

微信图片_20250401171839.jpg

ཟླ3པའི་ཚེས21ཉིན། ནུབ་མཚོ་གྲོང་རྡལ་མངའ་ཁུལ་གྱི་སྡོད་དམངས་ཤིག་ཉེས་དོན་མྱུལ་ཞིབ་རུ་ཆེན་དུ་སོང་ནས་གྱོད་དོན་སྙན་སེང་བྱས་པ་སྟེ། དངུལ་མཚོ་གཞིས་ཁུལ་སྒོ་འགྲམ་དུ་བཏགས་ཡོད་པའི་རྟ་ཞིག་གཞན་གྱིས་བརྐུས་སོང་ལ། རིན་ཐང་སྒོར་ཁྲི6ཡིན་ཟེར།

སྙན་སེང་འབྱོར་རྗེས། ནུབ་མཚོ་སྤྱི་བདེ་ཅུ་ཡིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་མྱུལ་ཞིབ་ལས་དོན་སྤེལ་ཅིང་། ལྟ་སྐུལ་བརྙན་མིག་བརྒྱུད་ནས་ཝ་མགྱོགས་ཡུལ་ཚོ་དང་ཏ་ཐུང་རྫོང་སོགས་སུ་བསྐྱོད་དེ་འཚོལ་ཞིབ་བྱས་པ་དང་། མཇུག་མཐར་ཏ་ཐུང་རྫོང་དུ་བརྐུས་ཟིན་པའི་རྟ་ཕྱིར་རྙེད་པར་མ་ཟད། ད་དུང་མཚོ་བྱང་ཁུལ་སྤྱི་བདེ་ཅུ་དང་རྐང་ཚ་རྫོང་སྤྱི་བདེ་ཅུའི་གཞོགས་འདེགས་འོག ཟླ3པའི་ཚེས25ཉིན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་ཉེས་བསགས་དོགས་ཡོད་ཉེས་ཅན་ཕུན་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས་ཤིང་། འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཕུན་ཆེ་གེ་མོས་དངུལ་མཚོ་གཞིས་ཁུལ་སྒོ་འགྲམ་གྱི་རྟ་དེ་བརྐུས་རྗེས། མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་རུ་རིན་གོང་དམའ་མོས་གཞན་ལ་བཙོངས་པའི་ཉེས་བསགས་དོན་དངོས་ཁས་བླངས།

མིག་སྔར། ཕུན་ཆེ་གེ་མོར་ཉེས་དོན་བཙན་ཤེད་བྱེད་ཐབས་སྤྱད་ཡོད་ཅིང་། གྱོད་གཞི་ལ་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།


མཉམ་སྤྱོད།