དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་སུ་མངོན་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི101གསར་དུ་བསྣན་པ།

2025-04-03 11:24:20   |   620

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   བོད་ལྗོངས་ཚོང་དོན་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་གནས་སྐོར་ཐིང་གིས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པའི་མིང་ཐོ་ཁག་ལྔ་པ་ཁྱབ་བསྒྲགས་བྱས། བོད་ལྗོངས་ཀྱི་ཐར་པ་དང་ཚེ་སྐྱིད་སོགས་ལས་རིགས་མངའ་ཁོངས་མི་འདྲ་བ་ནས་ཡོང་བའི་རྒྱུད་འཛིན་པ་མི101བདམས་ཐོན་བྱུང་ཡོད་ཅིང་།    དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་གླུ་གཞས། སྲོལ་རྒྱུན་ཞབས་བྲོ་སོགས་ལས་སྣ་མང་པོ་ཞིག་ལ་ཁྱབ་ཡོད་པས་བོད་ལྗོངས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་གསོན་ཤུགས་གསར་པ་བསྣན་ཡོད།     

མིག་སྔའི་བར། བོད་ལྗོངས་ཡོངས་སུ་ཁྱོན་སྡོམ་མངོན་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི1790ཡོད། དེའི་ཁྲོད། རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་མི117དང་།    རང་སྐྱོང་ལྗོངས་རིམ་པའི་རྒྱུད་འཛིན་པ་མི623དང་། གྲོང་ཁྱེར་རིམ་པའི་རྒྱུད་འཛིན་པ་མི334དང་། རྫོང་རིམ་པའི་རྒྱུད་འཛིན་པ་མི716བཅས་ཡོད་པ་རེད།    

བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་ལྔ་པའི་མིང་ཐོ་ངོས་འཛིན་བྱས་པ་དེས་མངོན་མིན་རིག་གནས་ཀྱི་ཤུལ་བཞག་རྒྱུན་འཛིན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་མིང་གཞུང་མ་ལག་འཐུས་ཚང་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།     


མཉམ་སྤྱོད།