དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་གི་ཆེད་གཏོང་མེ་འཁོར”གཏོང་མགོ་བརྩམས་པ།

2025-04-07 11:09:27   |   470

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ།    གསར་བརྗེའི་ཤུལ་རྗེས་འཚོལ་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་ཆེད།    ཟླ4པའི་ཚེས6ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་སྤེལ་བའི“གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཆེད་གཏོང་མེ་འཁོར”གཏོང་མགོ་བརྩམས་པའི་མཛད་སྒོ་དེ་ཟི་ལིང་མེ་འཁོར་ས་ཚུགས་སུ་འཚོགས།    

མཚོ་སྔོན་ཉེན་རྟོག་དཔོན་སློབ་གླིང་དང་།    མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།    མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་ཆུ་བེད་བཟོ་སྐྲུན་སློབ་གླིང་སོགས་སློབ་གྲྭ་ནས་ཡོང་བའི་སློབ་མ་640མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་།    མཐོན་པོ་སྒང་།    དེ་སྔའི་མཁའ་དམག་འཕུར་མདའ་རང་ཚུགས་སྒར་ཤོག་བཅུ་གཉིས་པའི་གནས་ཡུལ་རྙིང་པ་བཅས་སུ་ཕྱིན་ནས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། དེ་བཞིན་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་འབར་མདེལ་ལེགས་འགྲུབ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ལ་ཤེས་རྟོགས་བྱས་ཏེ། གསར་བརྗེའི་སྔོན་རབས་པའི“ས་མཐོར་དགའ་བ་དང་།    ས་མཐོར་རྐང་འཛུགས་པ།    ས་མཐོར་བྱས་རྗེས་འཇོག་པའི”སྙིང་སྟོབས་ལ་སློབ་སྦྱོང་ཉམས་ལེན་དང་།    མཐོན་པོ་རི་སྒང་དུ་མཁར་རྫོང་བསྐྲུན་པའི “བཟོ་སྐྲུན་དམག་གི་བརྒྱ་ཤོག་བཅུ་པའི”ཞབས་རྗེས་འཚོལ་ཞིབ་བྱས།   

མདའ་བཞི་རྫོང་ནི་མཚོ་སྔོན་པོའི་བྱང་འགྲམ་དུ་ཡོད་པ་དང་།    ལོ་རྒྱུས་ཡུན་རིང་ཞིང་གསར་བརྗེའི་རྨང་གཞི་གཏིང་ཟབ་པ།    གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས“འབར་མདེལ་གཉིས་ཀྱི་འབྱུང་ཡུལ་དང་།     ནུབ་མཚོ་གནའ་མཁར།    བླ་མཚོའི་བྱང་འགྲམ། ཙོང་ཆུའི་མགོ་ཁུངས། མཛའ་གཞས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཡོད་ཅིང་། རླབས་ཆེ་བའི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་འཁྲུངས་ཡུལ་ཡིན།     ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གསར་བརྗེ་རིག་གནས་གྲགས་ཅན་གྱི་མཁར་གྲོང་གསར་འཛུགས་བྱ་རྒྱུ་དེ་དམིགས་ཚད་དུ་བཟུང་སྟེ།   སྔ་རྗེས་སུ་ཀྲུང་གོ་རྡུལ་ཕྲན་མཁར་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་ས་དང་།    སྒར་ས་བཅུ་གཉིས་པའི་གནས་ཡུལ་རྙིང་པ་སོགས་ནང་དོན་ཕུན་སུམ་ཚོགས་ཤིང་སློབ་གསོའི་དོན་སྙིང་ཆེན་པོ་ལྡན་པའི་གསར་བརྗེའི་སློབ་གསོ་ལག་ལེན་གྱི་ས་ཁུལ་ཁག་གཅིག་བསྐྲུན་ནས།     གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་། དེ་དང་ཆབས་ཅིག “གསར་བརྗེ+སྐྱེ་ཁམས”དང“གསར་བརྗེ+དམངས་སྲོལ”། “གསར་བརྗེ+གྲོང་གསེབ་ཉམས་ལེན”དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་ཁྱོན་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལས་རིགས་མང་པོ་མཉམ་འདྲེས་ཀྱི་བྱེད་སྟངས་ཀྱིས་རིག་གནས་དང་གནས་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་དང་།    རིན་ཐང་གོང་མཐོར།    ཡོང་འབབ་ཀྱི་ཐབས་ལམ་རྒྱ་སྐྱེད་སྒོས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།     


མཉམ་སྤྱོད།