དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གུང་གསེང་ཉིན3རིང་འགྲུལ་བ་འགྲོ་སྐྱོད་ཚད་མི་ཐེངས་དུང་ཕྱུར7.9ཟིན་པ།

2025-04-07 16:30:06   |   411

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། དྭངས་གསལ་དུས་ཆེན་གྱི་ཉིན་གསུམ་གྱི་གུང་གསེང་རིང་ལ། སྔོན་དཔག་བྱས་པ་ལྟར་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་སྐྱོད་བྱེད་ཚད་ཧ་ལམ་མི་ཐེངས་དུང་ཕྱུར7.9ཙམ་ཟིན་ཞིང་། དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་གི་འགྲོ་སྐྱོད་བྱེད་ཚད་མཐོ་ཤོས་བཏོད་ཡོད།

ཐོག་མའི་སྡོམ་རྩིས་ལས་མངོན་པ་ལྟར་ན། དྭངས་གསལ་དུས་ཆེན་གྱི་ཉིན་གསུམ་གྱི་གུང་གསེང་རིང་ལ། སྔོན་དཔག་བྱས་པ་ལྟར་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར7.9ཙམ་ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་དུང་ཕྱུར2.64ཟིན། དེ་ནི་ན་ནིང་དུས་མཚུངས་ལས7.1%འཕར་ཡོད།

དྭངས་གཙང་དུས་ཆེན་གྱི་གུང་གསེང་སྐབས་ལ། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་གནམ་གཤིས་ཡག་པོ་བྱུང་ལ། གཞུང་ལམ་མི་སྣའི་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར7.3ཟིན་ཡོད། ཏིལ་ཏིལ་མགྱོགས་འཁོར་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། གུང་གསེང་རིང་ལ་རླངས་འཁོར་གླ་པའི་དགོས་མཁོ་ནི་ན་ནིང་གི་དུས་མཚུངས་ལས14%འཕར། མཐོ་ཤོས་ཀྱི་དུས་སུ་སྐར་མ་རེར་རླངས་འཁོར་འབོད་པའི་དགོས་མཁོ་ཁྲི11ལས་བརྒལ་ཡོད། གཞུང་ལམ་ཐོག་སྒེར་འཁོར་བཏང་ནས་འགྲོ་སྐྱོད་བྱེད་ཚད་ཀྱིས་བཅུ་ཆའི་དགུ་ལྷག་ཙམ་ཟིན་ཡོད་ལ། སྟབས་བདེ་བའི་འགྲིམ་འགྲུལ་གྱིས་གྲོང་གསེབ་ཀྱི་གནས་སྐོར་དར་རྒྱས་སུ་བཏང་ཡོད།

微信图片_20250407162349.jpg

དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་ལ། ལྕགས་ལམ་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་བྱས་པ་ལྟར་ན་ཧ་ལམ་མི་ཐེངས་ཁྲི5377.6ཙམ་ཡིན་ཞིང་། ན་ནིང་གི་དུས་མཚུངས་ལས8.2%འཕར་ཡོད། རྒྱལ་ཡོངས་ལྕགས་ལམ་གྱི་ཉིན་གཅིག་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ནི་མི་ཐེངས་ཁྲི2009.3ཟིན་ཡོད་ཅིང་། འདི་ཡིས་ད་ལོའི་ཚུན་གྱི་ཉིན་གཅིག་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མཐོ་ཤོས་དེ་བཏོད་ཡོད། རྒན་པའི་མེ་འཁོར་དང་གནས་སྐོར་ཆེད་གཏོང་མེ་འཁོར་མང་པོ་གཏོང་བཞིན་ཡོད་ལ། མེ་འཁོར་གྱིས་ལམ་ཐིག་དང་འགྲུལ་པའི་དགོས་མཁོ་ལ་གཞིགས་ནས་བསྒྱུར་བཀོད་དང་རིམ་སྤོར་བྱེད་བཞིན་ཡོད། འགྲུལ་བཞུད་པར་ལེན་དང་གླུ་ལེན་གར་འཁྲབ་བྱས་ནས་འཁོར་སྒམ་དང་མཛེས་ལྗོངས་ཁུལ་གཉིས་གཞི་གཅིག་ཏུ་སྦྲེལ།

2.jpg

དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ་རྒྱལ་ཡོངས་ཀྱི་ཆུ་ལམ་འགྲུལ་སྐྱེལ་བྱེད་ཚད་ནི་སྔོན་དཔག་བྱས་པ་ལྟར་ན་ཧ་ལམ་མི་ཐེངས་ཁྲི320.4ཙམ་ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི106.8ཡིན། དེ་ནི་ན་ནིང་གི་དུས་མཚུངས་ལས16.5%འཕར་ཡོད།

རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འགྲུལ་སྐྱེལ་བྱེད་ཚད་ནི་སྔོན་དཔག་བྱས་པ་ལྟར་ན་ཧ་ལམ་མི་ཐེངས་ཁྲི558.2ཙམ་ཡིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི186.1ཡིན། དེ་ནི་ན་ནིང་གི་དུས་མཚུངས་ལས10.9%འཕར་ཡོད།


མཉམ་སྤྱོད།