དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གཞུང་ཕྱོགས་ཀྱིས་གསའ་ལམ་ནང་ནས་ཤི་བའི་དོན་རྐྱེན་ལ་ལན་བཏབ།

2025-04-08 11:09:45   |   397

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཚེས6ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཨུ་ལྷན་གྱི་དྲིལ་བསྒྲགས་པུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་དངོས་ལ་རྩད་ཞིབ་བྱས་པ་བརྒྱུད་གསའ་ཤི་སའི་གནས་ན་གོར་མོ་གྲོང་ཁུལ་ནས་སྤྱི་ལེ130ལྷག་ཙམ་ཡོད་པ་དང་། དོན་རྐྱེན་བྱུང་སར་ཁྲག་འགོས་པའི་འཁོར་ལོའི་རྗེས་ཤུལ་ཡོད་པ་རེད།

ཟླ4ཚེས5ཉིན། ན་གོར་མོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུ་ལ“ན་གོར་མོ་གྲོང་ཁྱེར་གྱི་ཐང་ཆེན་ནུབ་མའི་རྒྱལ་ལམ109པར་གསའ་གྱི་བེམ་པོ་ཞིག་ཡོད”ཞེས་པའི་དམངས་ཚོགས་ཀྱི་སྙན་ཞུ་འབྱོར། འཕྲལ་དུ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་པ་སྡེ་ཚན་གཉིས་མཉམ་དུ་དོན་རྐྱེན་བྱུང་ཡུལ་དུ་བརྟག་དཔྱད་བྱེད་པར་བསྐྱོད།

ཉིན་དེའི་དགོང་མོའི་དུས་ཚོད22དང་སྐར་མ19སྟེང་། ན་གོར་མོའི་གཞུང་ཕྱོགས་ཀྱིས་མིག་སྔར་སྤྱི་བདེ་སྡེ་ཚན་གྱིས་ཕོ་གསའ་ཤི་རྐྱེན་ལ་བརྟག་དཔྱད་ཞིབ་བསྡུར་སྤེལ་བཞིན་ཡོད་པ་དང་། གལ་སྲིད་ཁྲིམས་འགལ་བྱ་སྤྱོད་ཡིན་པ་ཤེས་ཚེ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བྱ་རྒྱུ་ཡིན་པའི་གསལ་བརྡ་ཁྱབ་བསྒྲགས་བྱས།

ས་ཁོངས་དེར་རི་སྐྱེས་སྲོག་ཆགས་འགྲོ་སྐྱོད་བྱེད་པ་མང་བར་དམིགས་ནས། ན་གོར་མོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུ་ཡིས་རྒྱ་ཆེའི་རླངས་འཁོར་ཁ་ལོ་བར་གཟབ་ནན་ངང་རླངས་འཁོར་བསྐོར་བ་དང་། ལམ་ནང་དུ་འགྲོ་བའི་རི་སྐྱེས་སྲོག་ཆགས་གཡོལ་རྒྱུར་དོ་སྣང་བྱེད་དགོས་པའི་རེ་འབོད་བྱས།


མཉམ་སྤྱོད།