དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་པར་ལེན་མཁན་ལ་སླརཡང་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ་པ།

2025-04-09 17:46:50   |   462

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ནུབ་མཚོ་གྲོང་ཁྱེར་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


0000.jpg

《རྐང་རྗེས༥》ཅའོ་ཧྲེང་ཧྥུས་པར་བླངས།     

མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ།    ཉེ་ཆར། རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་སྐོར་སྐྱོད་པར་ལེན་འགྲན་བསྡུར་གྱི་འཇར་མན་གྱི་ས་གནས་བཞིར་སྐོར་སྐྱོད་བྱེད་པའི་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར་ཆེན་པོའི་དཔྱད་འདེམས་གྱི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་།    མདོ་ལ་རིང་མོ་རྒྱལ་ཁབ་གླིང་གི་དབུ་བཞུགས་པར་ལེན་མཁས་ཅན་ཅའོ་ཧྲེང་ཕུའུ་བྱ་དགའི་མིང་ཐོ་ནང་ཚུད་ཡོད།     

ཤེས་རྟོགས་བྱུང་བར་གཞིགས་ན།    འཇར་མན་གྱི་ས་གནས་བཞིར་སྐོར་སྐྱོད་བྱེད་པའི་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར་ཆེན་པོར“འཇར་མན་རྒྱལ་སྤྱིའི་པར་ལེན་བུམ་པ”ཡང་ཟེར།    འགྲན་བསྡུར་དེ་རྒྱལ་སྤྱིའི་པར་ལེན་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་།    རྒྱལ་སྤྱིའི་པར་ལེན་པའི་མནའ་འབྲེལ།    འཇར་མན་པར་ལེན་མཐུན་ཚོགས་བཅས་དབང་གྲགས་ལྡན་པའི་ཁས་ལེན་དཔང་འདོན་སྒྲིག་གཞི་གསུམ་གྱིས་ཐུན་མོང་ཐོག་ཁས་ལེན་དཔང་འདོན་བྱས་པ་ཞིག་ཡིན་པ་དང་།    དེ་ནི་ཀྲུང་གོའི་པར་ལེན་པའི་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་སྐོར་སྐྱོད་འགྲན་བསྡུར་ཆེན་པོའི་གྲས་ཤིག་ཡིན་པ་རེད།     འགྲན་བསྡུར་ལ་ཚོས་ལྡན་སྒོ་འབྱེད་ཚོགས་ཆུང་དང་།    ཚོན་མེད་སྒོ་འབྱེད་ཚོགས་ཆུང་།    རང་བྱུང་ཚོགས་ཆུང་།    རོལ་རྩེད་ཚོགས་ཆུང་བཅས་ཚོགས་ཆུང་ཆེན་པོ་བཞི་དབྱེ་ཡོད་ཅིང་། འགྲན་བསྡུར་ནང་ཞུགས་མཁན་པར་ལེན་པ་མང་པོ་ཡོད་པས་འགྲན་རྩོད་ཧ་ཅང་ཛ་དྲག་ཡོད་པ་རེད།     མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོ་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་།   མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོ་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་དབུ་བཞུགས་པར་ལེན་པ་ཅའོ་ཧྲེང་ཧྥུའི་བརྩམས་ཆོས《རྐང་རྗེས5》དང《འབྲོང་གི་གྲིབ་གཟུགས》ལ་གསེར་གྱི་རྟགས་མ2ཐོབ་པ་དང་། བརྩམས་ཆོས《གྲུ་གཟིངས》ལGIPགཟི་བརྗིད་ཐོབ་པ་རེད།     

ཉེ་བའི་ལོ་འགའི་རིང་ལ།    མཚོ་སྔོན་དུ་སྐྱེ་ཁམས་པར་ལེན་པ་འབོར་ཆེན་ཞིག་བྱུང་ཞིང་།     ཁོང་ཚོས་རི་ལུང་ཐང་གསུམ་དུ་དཀའ་ངལ་ཁྱད་གསོ་བྱས་ཏེ། གཟུགས་བཪྙན་ཀྱི་རྣམ་པའི་ཐོག་ནས་རང་བྱུང་ཁམས་ཆེན་པོའི་ཁྲོད་ཀྱི་ངོ་མཚར་ཆེ་བའི་སྐར་ཆ་རེ་རེ་དང་།    མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་སམ་ཡང་ན་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས། ཡང་ན་འཆམ་མཐུན་གྱི་མི་ཆོས་སྣང་ཚུལ་སྣ་ཚོགས་ཀྱི་རི་མོ་དངོས་སུ་ཟིན་ཐོར་བཀོད་ཡོད།    སྐྱེ་ཁམས་པར་ལེན་གྱི་བརྩམས་ཆོས་དེ་དག་གིས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་དང་ཐོན་ཁུངས་སྲུང་སྐྱོང་གི་གྲུབ་འབྲས་མཚོན་པ་དང་། དུས་མཚུངས་སུ་མི་རྣམས་ཀྱིས་རང་བྱུང་ལ་བརྩི་མཐོང་བྱེད་པར་དྲན་སྐུལ་དང་།    མི་རྣམས་ཀྱིས་ཡང་དག་པའི་སྐྱེ་ཁམས་རིན་ཐང་ལྟ་བ་འཛུགས་པར་སྣེ་ཁྲིད་བྱས་ཡོད།     


མཉམ་སྤྱོད།