དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་སྒྲུབ་པ།”ཟླ5པའི་ཚེས10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

2025-04-10 10:18:29   |   351

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། ཟི་ལིང་རྒྱང་སྒྲོག་བརྙན་འཕྲིན་ཁང་།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། བཟོ་བཅོས་བརྒྱབ་རྗེས་ཀྱི《གཉེན་སྒྲིག་ཐོ་འགོད་ཀྱི་སྲོལ་ཡིག》(གཤམ་གྱི་བསྡུས་མིང་ལ《སྲོལ་ཡིག》ཟེར)ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་ཟླ5པའི་ཚེས10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།《སྲོལ་ཡིག》བཟོ་བཅོས་ཀྱི་ནང་དོན་གཙོ་བོ་ནི་གཅིག་ནི་གཉེན་སྒྲིག་ཁྱིམ་ཚང་ཞབས་ཞུའི་ལས་དོན་གྱི་ནང་དོན་མང་དུ་གཏོང་བ་དང་།  གཉིས་ནི“རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་སྒྲུབ་པའི”གཉེན་སྒྲིག་ཐོ་འགོད་དངོས་སུ་ལག་བསྟར་བྱ་རྒྱུ། གསུམ་ནི་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ལེགས་སུ་གཏོང་རྒྱུ་དེ་རེད།

དྲ་གྲོགས་མི་ཉུང་བ་ཞིག་གིས་འབྲེལ་ཡོད་ཐ་སྙད་འོག"གཉེན་སྒྲིག་ཐོ་འགོད་ལ་ད་དུང་ཁྱིམ་ཐོ་དགོས་སམ"ཞེས་དྲི་བ་དྲིས་འདུག་སྟེ།

微信图片_20250410101657.jpg

   

 《སྲོལ་ཡིག》གི་ནང་དོན་ལ་ཞིབ་ཏུ་ཀློག་ཚེ་ཤེས་ཐུབ་སྟེ།    གཉེན་སྒྲིག་དང་གཉེན་འཐོར་གྱི་ཐོ་འགོད་སྒྲུབ་སྐབས་ཁྱིམ་ཐོ་འདོན་སྤེལ་བྱེད་མི་དགོས་པ་ཡིན།

《སྲོལ་ཡིག》གི་གཏན་འབེབས་ལྟར་ན།    གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་འགྲོ་གྲོན་ལེན་མི་ཆོག

གཉེན་སྒྲིག་ཐོ་འགོད་རེ་ཞུ་བྱེད་པའི་ནང་ལོགས་ཀྱི་གྲོང་མིས་ངེས་པར་དུ་གཤམ་གྱི་དཔང་ཡིག་དང་ཡིག་ཐོག་གི་རྒྱུ་ཆ་འདོན་སྤེལ་བྱེད་དགོས།

1.རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར།

2.རང་ཉིད་ལ་བཟའ་ཟླ་མེད་པ་དང་།  དེ་བཞིན་ཕ་རོལ་བ་དང་ཐད་ཀར་གཉེན་ཉེ་འབྲེལ་བ་དང་།  མི་རབས་གསུམ་ནང་ཚུན་གྱི་རྒྱུད་རྒྱང་གཉེན་ཉེ་འབྲེལ་བ་བཅས་མེད་པའི་མིང་རྟགས་གསལ་བསྒྲགས་ཡོད་དགོས།

微信图片_20250410101703.jpg

གཉེན་སྒྲིག་ཐོ་འགོད་རེ་ཞུ་བྱེད་པའི་མི་རང་ཉིད་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན།    གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་མི་བྱེད་པ་སྟེ།

1.ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་དུ་མ་སླེབས་པ།

2.ཕྱོགས་གཉིས་ཀ་ཡོངས་སུ་རང་མོས་བྱུང་མེད་པ།

3.ཕྱོགས་གཅིག་གམ་ཕྱོགས་གཉིས་ལ་བཟའ་ཟླ་ཡོད་པ།

4.ཐད་ཀར་གཉེན་ཉེ་འབྲེལ་བ་དང་། མི་རབས་གསུམ་ནང་ཚུན་གྱི་རྒྱུད་རྒྱང་གཉེན་ཉེ་འབྲེལ་བ་ཡོད་པ།

《སྲོལ་ཡིག》གི་གཏན་འབེབས་ལྟར་ན།    ནང་ལོགས་ཀྱི་གྲོང་མིས་རང་མོས་ཀྱིས་གཉེན་འཐོར་བྱེད་སྐབས། ཕྱོགས་གཉིས་ཀས་ངེས་པར་དུ་ཡིག་ཐོག་གི་གཉེན་འཐོར་གྲོས་འཆམ་བཞག་སྟེ། དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཕྱིན་ནས་ཐུན་མོང་ཐོག་གཉེན་འཐོར་ཐོ་འགོད་རེ་ཞུ་བྱེད་དགོས།     གཉེན་འཐོར་ཐོ་འགོད་རེ་ཞུ་བྱེད་པའི་ནང་ལོགས་ཀྱི་གྲོང་མིས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་རང་ཉིད་ཀྱི་གཉེན་སྒྲིག་ལག་ཁྱེར་འདོན་སྤེལ་བྱེད་དགོས། བལྟས་ཡོང་ན་“ཁྱིམ་ནས་ཁྱིམ་ཐོ་བརྐུས་ཏེ་གཉེན་སྒྲིག་ཐོ་འགོད་བྱེད་པའི”ཟློས་གར་བྱུང་རིམ་དེ་རྗེས་སུ་བརྙན་འཕྲིན་ཟློས་གར་གྱི་ནང་དུ་ལུས་རྒྱུ་རེད།


མཉམ་སྤྱོད།