དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིག་སྨོན་ནས་རྟ་ནག་མ་བར་གྱི་རིན་བསྡུ་ས་ཚིགས་གཉེར་སྐྱོང་བྱེད་མགོ་བརྩམས་པའི་བརྡ་ཁྱབ།

2025-04-10 11:09:54   |   503

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི《མཚོ་སྔོན་པོ་གནས་སྐོར་ཆེད་སྤྱོད་གཞུང་ལམ(དུས་ཐེངས1)རིག་སྨོན་ནས་རྟ་ནག་མ་བར་ལ་རིན་བསྡུ་ས་ཚིགས་འཛུགས་རྒྱུར་མོས་མཐུན་བྱུང་བའི་སྐོར་གྱི་ཆོག་མཆན》(མཚོ་སྔོན་སྲིད་འཕྲིན[2024]ཨང27པ)དང་། 《མཚོ་སྔོན་པོ་གནས་སྐོར་ཆེད་སྤྱོད་གཞུང་ལམ(དུས་ཐེངས1)རིག་སྨོན་ནས་རྟ་ནག་མ་བར་གྱི་རླངས་འཁོར་ཤར་གཏོང་གི་རིན་བསྡུ་ཚད་གཞིར་མོས་མཐུན་བྱུང་བའི་སྐོར་གྱི་ཆོག་མཆན》(མཚོ་སྔོན་སྲིད་འཕྲིན [2024]ཨང98པ)དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི《རིག་སྨོན་ནས་རྟ་ནག་མ་བར་གྱི་མཚོ་སྔོན་པོའི་ཤར་གྱི་རིན་བསྡུ་ས་ཚིགས་ཀྱིས་ལམ་རིན་བསྡུ་བའི་སྐོར་གྱི་ཆོག་མཆན》(མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན[2025]ཨང17པ)བཅས་ཀྱི་གཏན་འབེབས་ལྟར།    ད་ལྟ་རིག་སྨོན་ནས་རྟ་ནག་མ་བར་གྱི་མཚོ་སྔོན་པོའི་ཤར་གྱི་རིན་བསྡུ་ས་ཚིགས་ཀྱིས་ལམ་རིན་བསྡུ་བའི་སྐོར་གྱི་འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ་ལྟར།

གཅིག གཉེར་སྐྱོང་དུས་ཚོད། 2025ལོའི་ཟླ4པའི་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད12སྟེང་རིག་སྨོན་ནས་རྟ་ནག་མ་བར་གྱི་མཚོ་སྔོན་པོའི་ཤར་གྱི་རིན་བསྡུ་ས་ཚིགས་དངོས་སུ་གཉེར་སྐྱོད་བྱ་རྒྱུ་ཡིན་པ་དང་། ཆོག་མཆན་ཐོབ་པ་ལྟར་ཁྲིམས་ལྟར་རླངས་འཁོར་གྱི་ལམ་རིན་བསྡུ་རྒྱུ་རེད།

གཉིས། རིན་བསྡུའི་ཚད་གཞི། རིག་སྨོན་ནས་རྟ་ནག་མ་བར་གྱི་གཞི་རྩའི་རིན་ཚད་ནི་རླངས་འཁོར་རེར་སྤྱི་ལེ་རེར་སྒོར0.50ཡིན་པ་དང་། རླངས་འཁོར་གྱི་རིགས་སྣ་ལ་བརྟེན་ནས་ལམ་རིན་བསྡུ་རྒྱུ་རེད། ཁྲིམས་བཀོད་དུས་ཆེན(ལུགས་རྙིང་ལོ་སར་དང་། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན)དང་དེ་བཞིན་ལམ་རིན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་པའི་རླངས་འཁོར་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

གསུམ། བསྡུ་ལེན་ལས་ཁུངས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་གཏོང་འཛིན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་ཡན་ལག་སྤྱི་གཉེར་གྱིས་གཉེར་སྐྱོང་དོ་དམ་གྱི་འགན་འཁུར་རྒྱུ་དང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་བྱ་དགོས།

བརྡ་ཁྱབ་འདིའི་ནང་ཚུད་མེད་པ་དག《གཞུང་ལམ་བཅའ་ཁྲིམས》དང《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས》《རིན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག》སོགས་ཁྲིམས་ལུགས་ཁྲིམས་སྲོལ་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་གཏོང་འཛིན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་ཡན་ལག་སྤྱི་གཉེར།

2025ལོའི་ཟླ4ཚེས3ཉིན།


མཉམ་སྤྱོད།