དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལྟ་ཀློག་གི་ཕུལ་བྱུང་རྣམ་གྲངས་སྤྱི་བསྒྲགས་བྱས།

2025-04-10 17:30:43   |   432

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་དམངས་ཡོངས་ཀྱི་ལྟ་ཀློག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱེད་པ། ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལྟ་ཀློག་གི་ཕུལ་བྱུང་ཉམས་མྱོང་དང་དཔེ་མཚོན་གྱི་བྱེད་སྟངས་སྔར་བས་ཕྱོགས་སྡོམ་བྱ་ཆེད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུས2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལྟ་ཀློག་གི་ཕུལ་བྱུང་རྣམ་གྲངས་དང་དཔྱད་འདེམས་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་འོས་སྦྱོར་དང་ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། ཕུལ་བྱུང་རྣམ་གྲངས10དཔྱད་འདེམས་བྱས། ད་ལྟ་མིང་ཐོ་སྤྱི་བསྒྲགས་བྱས་པ་ཡིན། 

སྤྱི་བསྒྲགས་བྱེད་པའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས8ཉིན་ནས2025ལོའི་ཟླ4པའི་ཚེས15ཉིན་བར་ཡིན། སྤྱི་བསྒྲགས་བྱེད་རིང་། རྣམ་གྲངས་གཏན་འཁེལ་བྱེད་རྩིས་ཡོད་པར་བསམ་འཆར་མི་མཐུན་པ་ཡོད་ཚེ་ཁ་པར་དང་། སྦྲགས་སྲིད། འཕྲིན་ཡིག་སོགས་ཀྱི་ཐོག་ནས་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུ་ལ་སྙན་སེང་ཞུ་རོགས། གནས་ཚུལ་སྙན་སེང་ཞུས་པ་ངེས་པར་དུ་བདེན་པ་བདེན་དྲང་དང་། ཞིབ་ཕྲ་ཁ་གསལ་བྱེད་དགོས་པར་མ་ཟད། རང་ཉིད་ཀྱི་རུས་མིང་དང་། ལས་ཁུངས། འབྲེལ་གཏུག་བྱེད་སྟངས་ངོ་མ་བཅས་ཀྱང་བཤད་དགོས། ཁུངས་སྣེ་གསལ་པོ་མེད་པའི་ཁ་པར་དང་སྦྲག་སྐྱེལ། འཕྲིན་ཡིག་བཅས་བདག་སྤྲོད་མི་བྱེད།    

ས་གནས་ནི། ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང346པ་ཞིང་ཨུའི་དྲིལ་བསྒྲགས་པའི་གསར་འགྱུར་དཔེ་སྐྲུན་དོ་དམ་ཁྲུའུ།

སྦྲག་ཨང། 810000

འབྲེལ་གཏུག་ཁ་པར། 0971-8482926

གློག་རྡུལ་ཡིག་སྒམ། qhxcbc@163.com   

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུ།    

2025ལོའི་ཟླ4པའི་ཚེས8ཉིན།

གཏན་འཁེལ་བྱེད་རྩིས་ཡོད་པའི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལྟ་ཀློག་གི་ཕུལ་རྣམ་གྲངས།

01.jpg



མཉམ་སྤྱོད།